【སློབ་གསོ་མཁས་བརྒྱའི་དཔྱད་གླེང】ཡི་ནང་དུ“སློབ་སྐབས་གཅིག་གི་བྱ་བའི་འཆར་གཞི་དང་སྟ་གོན།”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་པདྨ་བསྟན་འཛིན་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ“དབྱར་གནང་གི་འཚོ་བ་དང་ཡུལ་སྐོར་ཉམས་ཞིབ”ཅེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དགྲ་འདུལ་ཐར་ཡིན།
རྩེ་རྡེའུ། དངོས་མིང་ལ་པདྨ་བསྟན་འཛིན་ཟེར། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་རྩེ་ཆུ་སྔོན་མོའི་འགྲམ་རྒྱུད་ཀྱི་་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཆུང་དུས་ནས་སྙན་ངག་འབྲི་བ་དང་གྱེར་བ། མདོ་འཛིན་དང་པར་ལེན་སྒྱུ་རྩལ་ལ་ཧ་ཅང་མོས།2010ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་མཐར་ཕྱིན། ད་ལྟ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ་ན་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད།
སྔ་ཕྱིར《སྦྲང་ཆར》དང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་གཙོ་བྱས་པའི་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་སྙན་ངག་གཙོ་བྱས་བརྩམས་ཆོས་སུམ་ཅུ་ལྷག་བཀོད་མྱོང་ལ།མུ་མཐུད་དུ་སྒྱུ་རྩལ་གྱི་ལམ་ཁ་འདི་རུ་རང་ནུས་ཀྱིས་འབད་བཞིན་མཆིས།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དགྲ་འདུལ་ཐར།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་བ། བསམ་འགྲུབ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com