【སློབ་རའི་གསར་འགྱུར་སྐུད་ལམ】ནང་དུ་སློབ་ར་སོ་སོའི་གསར་འགོད་པ་དག་བརྒྱུད་ནས་འདས་པའི་གཟའ་འཁོར་གཅིག་རིང་གི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིའི་གསར་འགོད་པ་ནི།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། རྒྱུ་ཐ་མཐོང་དགའ།【ང་ཡི་ལང་ཚོའི་རྨི་ལམ】གྱི་གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་ཚེ་རིང་བཞད་པ་ཡིན།【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་དམེ་བཟའ་རང་ལྷ་ཡིན།
སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ལ་བསླབ་བྱ་གནང་བ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྨན་རྩིས་འགྲོ་ཕན་གླིང་དུ་Bསྒྲ་རླངས་བརྟག་དཔྱད་ཆས་བཙུགས་ཤིང་གསོ་རིག་ཆེད་སྦྱོང་སློབ་མར་སློབ་ཁྲིད་བྱས་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་འོག་ཚད་མའི་དགེ་རྒན་འོད་ཟེར་ལགས་ཀྱིས་འཆད་ཁྲིད་གནང་བ།
ངའི་མིང་ལ་ཚེ་རིང་བཞད་པ་ཟེར་ཞིང་༡༩༩༨ལོའི་དགུན་གཞུང་ཞིག་ལ་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་ཞོལ་མ་རུ་འབོད་པའི་འབྲོག་སྡེ་ཞིག་ཏུ་ལང་ཚོའི་མྱུ་གུ་འབུས། ཚེ་བསོད་ལས་ཀྱི་བསྐོས་ཐང་དང་བརྩེ་ལྡན་ཕ་མ་ཟུང་གིས་བཀའ་དྲིན་ཀྱི་མཐུ་ལ་བརྟེན་ནས་རང་ལོ་བརྒྱད་ཙམ་ནས་བཟུང་ཤེས་རིག་གི་འོ་དྲི་འཐུལ་སའི་སློབ་གྲྭ་ཞེས་པའི་སྒོ་ཐེམ་ལ་ཐོག་མར་རྐང་རྗེས་དཔར། དེ་ནས་བཟུང་སློབ་གྲྭ་ཆུང་འབྲིང་སོགས་ལ་རིམ་གྱིས་འགྲིམས་ཏེ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་མུས་ཡིན།
ངའི་མིང་ལ་དམེ་བཟའ་རང་ལྷ་ཟེར་ཞིང་ཕ་ཡུལ་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་ཞོལ་མ་ཡིན། དྲིན་ཅན་ཕ་མའི་་བྱམས་བརྩེའི་འཐུ་འོག་ནས་ཤེས་བྱའི་གནས་ལ་སྦྱངས་བ་བྱེད་རྒྱུའི་སྐལ་བ་ལྡན། སློབ་གྲྭ་ཆུང་འབྲིང་སོགས་འགྲིམས་ཏེ་ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ན་སློབ་གཉེར་བྱེད་ཀྱིན་ཡོད། དགའ་ཕྱོགས་དཔེ་ཀློག་དང་གླུ་ལེན་རྒྱུ་དེ་ཡིན།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་བ། བསམ་འགྲུབ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com