སློབ་རའི་འགྱུར་ཁུགས།༼༢༢༥༩༽ཕྱི་འགྲིམ་སློབ་མ་ཞིག་གི་མྱོང་བ་ལས་འཕྲོས་པའི་ཉི་ཧོང་སློབ་གསོ།
2019.12.06 ཁུངས། ཀློག་གྲངས། 768

【སློབ་རའི་གསར་འགྱུར་སྐུད་ལམདུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིའི་གསར་འགོད་པ་ནི་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཨ་འདུས་དོན་པོ་ཡིན། 

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】དུ་“ཕྱི་འགྲིམ་སློབ་མ་ཞིག་གི་མྱོང་བ་ལས་འཕྲོས་པའི་ཉི་ཧོང་སློབ་གསོ།”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁྲིམས་ལུགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་སྐལ་བཟང་ལགས་ཡིན།

སྐལ་བཟང་།  ཉི་ཧོང་རྒྱལ་གཉེར་ཁཱ་ནཱ་ཛཱ་བཱ་སློབ་ཆེན་(Kanazawa University)མིའི་རིགས་སྤྱི་ཚོགས་ཁོར་ཡུག་ཞིབ་འཇུག་གླིང་ནས་སྤྱི་ཚོགས་མིའི་རིགས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཤིང་།ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁྲིམས་ལུགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་ན་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད།

སློབ་སྤྱི་རྒན་ཚུལ་ཁྲིམས་དར་རྒྱས་མཆོག་ལགས་དང་གསོ་རིག་དགེ་རྒན་ཚེ་སྐྱབས།   དཀོན་མཆོག་རྒྱལ་སོགས་ཀྱིས་གསུངས་བཤད་གནང་བཞིན་པ་དང་།  མགོ་ལོག་ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་བྱེད་མི་སྣས་ཨེ་ཛི་ནད་དང་འབྲེལ་བའི་འཆད་ཁྲིད་གནང་།   

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། རྡོ་རྗེ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com