སློབ་རའི་འགྱུར་ཁུགས།༼༢༢༦༢༽བོད་ཀྱི་རྒྱལ་རབས་བཀླགས་པའི་མྱོང་ཚོར་དང་སློབ་རའི་གསར་འགྱུར།
2019.12.13 ཁུངས། ཀློག་གྲངས། 1674

སློབ་རའི་གསར་འགྱུར་སྐུད་ལམ】ནང་དུ་སློབ་ར་སོ་སོའི་གསར་འགོད་པ་བརྒྱུད་དེ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ཡིན།

ཐེངས་འདིའི་གསར་འགོད་པ་དག་ནི།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གསར་འགོད་པ། ལྕགས་མོ་རྒྱལ།

ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་གསར་འགོད་པ། འཕགས་པ་འཚོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། བདེ་མཆོག་སྐྱབས།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ནང་དུ“བོད་ཀྱི་རྒྱལ་རབས་བཀླགས་པའི་མྱོང་ཚོར། ”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་ལགས་ཡིན།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སམ་བྷོ་ཊ་བོད་རིག་པའི་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཡིག་ཤེས་བྱའི་རྟིང་རྩོད་འགྲན་བསྡུར།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ལས་ལམ་གསར་འབྱེད་ཚོགས་པའི་གཙོ་སྒྲུབ་བྱས་པའི་སྐབས་བཞི་བའི་ལས་ལམ་གསར་འབྱེད་ཀྱི་རྟིང་རྩོད་འགྲན་བསྡུར།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི༡༢.༩སློབ་གསར་བསུ་བའི་དགོང་ཚོགས་དང་ཁམས་པའི་བརྙན་འཕྲིན་ཁང་གི་བོད་གླུ་འགྲན་ཚོགས་ཀྱི་སློབ་རའི་རྟིང་རྩོད་འགྲན་བསྡུར་མཉམ་དུ་བསྡུས།

༄༅།། ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གིས་སྲིད་པའི་གཏམ་གྱི་འཁྲབ་བཤད་འགྲན་སྡུར་སྐབས་གཉིས་པ་སྤེལ་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྐབས་ཉེར་གསུམ་པའི་ཐ་སྙད་འགྲན་སྡུར་སྤེལ་བ།

མགོ་ལོག་ཁུལ་དང་རྨ་ཆེན་རྫོང་གི་སློབ་གསོའི་ལྟ་ཞིབ་ཚན་ཁག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་པ།

གྱི་ལིང་འཇིགས་མེད། ཀན་ལྷོ་གཙོས་གྲོང་ཁྱེར་གྱི་ལིང་དུ་སྐྱེས། ཆུང་དུས་སློབ་གྲྭ་ཆུང་འབྲིང་དུ་སོང་ཞིང་རང་ལོ་བཅོ་ལྔ་ནས་རབ་ཏུ་བྱུང་སྟེ་ད་ལྟའི་བར་སུམ་རྟགས་སྙན་ངག་དང་བསྡུས་གྲྭ་ས་ལམ་ནས་གཞུང་བཀའ་པོད་ལྔ་སོགས་ཀྱི་དཔེ་ཁྲིད་རྫོགས་པར་ཐོབ། ༢༠༠༡ལོ་ནས་རྩོམ་ཡིག་སྣ་ཚོགས་བྲིས་ཤིང་༢༠༠༤ལོར་ཀན་ལྷོའི་གསར་འགྱུར་ཁང་གིས་ཕུལ་བྱུང་རྩོམ་པ་བོའི་བྱ་དགའ་གནང་། ༢༠༠༥ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་པ་ནས་སྔ་རྗེས་སུ་སྙན་རྩོམ་དང་ལྷུག་རྩོམ། སྒྱུར་རྩོམ་དང་དཔྱད་རྩོམ་སོགས་བརྒྱ་ལ་ཉེ་བ་ཞིག་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་བཀོད་ཅིང་བྱ་དགའ་ཁ་ཤས་ཐོབ། གྲྭ་བ་དང་མཚན་ཉིད་པ་ཞེས་པ་དང་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་བསྡུས་པ་སོགས་དེབ་འགའ་བོད་ཡིག་ཏུ་བསྒྱུར། ༢༠༠༩ལོ་ནས་ད་ལྟའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་རྒན་གྱི་འགན་འཁུར་ཅིང་ལས་ཞོར་ལ་རྩོམ་ཡིག་གསར་རྩོམ་གྱི་ཕྱོགས་སུ་འབད་པ་ལྷོད་མེད་བྱེད་བཞིན་ཡོད་དོ།།ཨ་མདོ་བརྙན་འཕྲིན་ཁང་གི་གླེང་རྟགས་ལེ་ཚན་དང་མཚོ་སྔོན་རྒྱང་སྒྲོག་སོགས་ཀྱི་གདན་ཞུས་ལྟར་འཆད་ཁྲིད་ཁ་ཤས་བྱས། ད་སྔ་པར་དུ་བཀོད་ཟིན་པའི་དེབ་ལ་ལོ་རྒྱུས་ཀྱི་གསང་བ་དང་། ཞེ་སྐྱོ་བའི་རིག་གནས་འགྲུལ་བཞུད། དབེན་པའི་སྨུག་སྤྲིན། སྨུག་པ་གྱོན་པའི་མེ་ཏོག སྤྲིན་གྱི་ཕོ་ཉའི་འགྲེལ་བ་སོགས་དེབ་བཅུ་དགུ་ཡོད་ལ། ད་ལྟ་ཡི་ཤུའི་ཆོས་སྤེལ་བ་དང་བོད་ཡུལ་ཞེས་པ་དང་། འཇང་ཡུལ་ཉུལ་བའི་ཟིན་ཐོ་གཉིས་པར་དུ་སྐྲུན་བཞིན་པའི་སྒང་ཡིན། 

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། རིག་འཛིན་སྒྲོལ་མ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ།  བློ་བཟང་།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com