【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཚེ་ལྷ་སྐྱབས་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་རྒྱུ་ཐ་མཐོང་དགའ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་རྟ་མགྲིན་ཚེ་རིང་། ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་འཕགས་པ་མཚོ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད་བཅས་ཀྱིས་གཟའ་འཁོར་གཅིག་གི་སློབ་རའི་གསར་འགྱུར་སྤེལ་ཡོད།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ཡིག་གཟུགས་འབྲི་སྦྱོང་གི་ཐབས་ལམ་དང་གལ་ཆེན་རང་བཞིན༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྫོང་རུ་སློབ་ཆུང་གི་དགེ་རྒན་ཀུན་བཟང་ཚེ་རིང་ཡིན།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྫོང་རུ་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཀུན་བཟང་ཚེ་རིང་།
དགེ་རྒན་ཀུན་བཟང་ཚེ་རིང་གི་ཡིག་གཟུགས་སྣ་ཚོགས།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ་མཛད་པའི་ཏང་བཙུགས་ནས་ལོ་འཁོར99ལོན་པའི་གླུ་དབྱངས་འགྲན་བསྡུར་ལ་ཞུགས་པ་དང་། རང་བྱུང་སྔོ་སྨན་ངོས་འཛིན་གྱི་བྱ་འགུལ་སྤེལ་བའི་རྣམ་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁུག་རྟ་ཚོགས་པའི་༢༠༢༠ལོའི་སྨྱུག་གསར་བྱ་དགའ་དང་ལམ་ཞེས་པའི་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་འགུལ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་གངས་ལྷ་མེ་ཏོག་ཚོགས་པའི་ལོ་མཇུག་གི་སྤྱི་སྡོམ་དང་བློ་རྒྱུགས་འགྲན་སྡུར་གྱི་བྱ་འགུལ།
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གིས་སློབ་ཆུང་མཐར་ཕྱིན་མཛད་སྒོ་སྤེལ།
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་མཐར་ཕྱིན་སློབ་མའི་སྤྱི་ཕན་ལག་ལེན་བྱ་འགུལ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com