སློབ་རའི་འགྱུར་ཁུགས༣༠༥༨༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽
2020.10.02 ཁུངས། ཀློག་གྲངས། 667

【སློབ་རའི་གསར་འགྱུར་སྐུད་ལམ】གྱི་ནང་དུ་སློབ་ར་གཉིས་ཀྱི་སློབ་རའི་གསར་འགོད་པས་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་ཡོད།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་རྩེ་ཆུ་གྲོང་རྡལ་དཀྱིལ་སྙིང་བྱིས་སྐྱོང་ཁང་གི་དགེ་རྒན་པདྨ་རྒྱལ་གྱིས་བྱིས་པའི་ལུས་སེམས་བདེ་ཐང་དང་སྤྲོ་སྣང་སློབ་གསོ་སྤེལ་བའི་ཐད་ནས་ཁ་བརྡ་བྱས་ཡོད།

【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ་སློབ་གྲོགས་རེ་འགར་སྐུད་ལམ་སྦྲེལ་ཏེ་ཐེངས་འདིའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་འཆར་གཞི་དང་ཕན་ཚུན་ལ་འཚམས་འདྲིའི་ལེགས་སྐྱེས་བསྐུར་ཡོད།

རང་སློབ་གྲྭའི་མཐར་ཕྱིན་སློབ་མ་རེ་གཉིས་ཕྱིར་མ་ཡུམ་སློབ་གྲྭར་ཡོང་ནས་སློབ་གྲོགས་ཚོར་ཁ་བརྡ་བྱེད་བཞིན་པ།

རྩོམ་ཡིག་འགྲན་བསྡུར་བྱེད་སྐབས།

རྩོམ་པ་པོ་ཁྲི་སེམས་དཔས་འཆད་ཁྲིད་བྱེད་པ།


གངས་ལྗོངས་སྨན་གྲོང་གིས་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་མེ་ཏོག་ཕུལ་བ།

གངས་ལྗོངས་སྨན་གྲོང་གིས་རྒྱལ་ཁབ་བཙུགས་ནས་ལོ་འཁོར༧༡ལོན་པའི་རྒྱལ་གླུ་འགྲན་བསྡུར་དང་སྒོ་སམ་ཇུས་འགོད་ཀྱི་ཤིས་ཚིག་དང་རི་མོ་ཕུལ་བ།

དགེ་རྒན་པདྨ་རྒྱལ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན་།

ཁྲིད་གཏོང་བ། བློ་བཟང་།

ལྟ་སྐུལ་བ། ཨ་བརྟན་རྒྱལ།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།