སློབ་རའི་འགྱུར་ཁུགས་སྐབས༣༠༦༨༼རབ་འབྱམས་རྒྱུགས་སྤྲོད་ཀྱི་གྲ་སྒྲིག་ཁག་དང་པོ༽
2020.11.02 ཁུངས། ཀློག་གྲངས། 914

【སློབ་རའི་གསར་འགྱུར་སྐུད་ལམ】གྱི་ནང་དུ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་དང་པོའི་སློབ་རའི་གསར་འགོད་པ་དབང་ཆེན་སྒྲོལ་མ་དང་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་རྡོ་རྗེ་སྒྲོལ་མ་གཉིས་ཀྱིས་རང་སློབ་གྲྭའི་གཟའ་འཁོར་གཅིག་རིང་གི་གསར་འགྱུར་ཐད་བཤད་བྱས་ཡོད།

【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ་རབ་འབྱམས་རྒྱུགས་སྤྲོད་ཀྱི་གྲ་སྒྲིག་ཅེས་པའི་ཁག་དང་པོའི་ཁྲོད་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིགས་པའི་སློབ་གླིང་གི་ད་ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་གངས་སེང་ནོར་བུ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ད་ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་སྲིད་གྲགས་རྒྱལ་གཉིས་ལ་སྐུད་ལམ་སྦྲེལ་ཏེ་རང་ཉིད་ཀྱི་རྒྱུགས་ཞུགས་ཉམས་མྱོང་བཤད་ཡོད།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་མཁན་ཆེན་ཁྲོ་རུ་ཚེ་རྣམ་ལགས་ལ་རྗེས་དྲན་དང་།   ནད་དུག་འགོག་སྲུང་གི་འཆད་ཁྲིད།  འཚོ་བར་རོགས་དངུལ་གནང་བའི་རྣམ་པ།

མཚོ་ལྷོའི་སློབ་གྲྭ་ཆུང་འབྲིང་གི་སིལ་ཡུལ་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་ཚོགས་སྐབས་དྲུག་པའི་འགྲན་བསྡུར་ཁྲོད་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་སྐྱེས་མའི་རུ་ཁག་གིས་ཁུལ་ཡོངས་ཀྱི་ཨང་དང་པོ་དང་།སྐྱེས་པའི་རུ་ཁག་གིས་ཁུལ་ཡོངས་ཀྱི་ཨང་གཉིས་པ་བླངས།

ཀྲུང་དབྱང་མི་རིགས་སློབ་ཆེནབོད་རིགས་པའི་སློབ་གླིང་གི་སློབ་མ་གངས་སེང་ནོར་བུ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་སྲིད་གྲགས་རྒྱལ།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  བསམ་གྲུབ་འཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

 སྤྱིའི་ལྟ་སྐུལ་བ།ཆོས་ཕྱུག་རྒྱལ།


 

རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ། གཞུང་ལས་ཁང་། 0971 6329322