སློབ་རའི་འགྱུར་ཁུགས་སྐབས༼༣༠༩༥༽པ། བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ། བོད་ཀྱི་དམངས་སྲོལ་རིག་གནས།
2021.01.11 ཁུངས། ཀློག་གྲངས། 1115

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ༽ཞེས་པའི་ཁག་གསུམ་པ་སྟེ།  བོད་ཀྱི་དམངས་སྲོལ་རིག་གནས་རྩོམ་སྒྲིག་ཁང་གི་བཞུད་ལམ་ཞེས་པ་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་བོད་ཀྱི་དམངས་སྲོལ་རིག་གནས་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་བསོད་ནམས་སྒྲོལ་མ་དང་།  མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་ངམ་རྩོམ་པ་པོ་ཆབ་འགག་ཇོ་རུ་གཉིས་ཡིན།

བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ།

ལེ་ཚན་གྱི་གདན་ཞུའི་སྐུ་མགྲོན་བསོད་ནམས་སྒྲོལ་མ།

བསོད་ནམས་སྒྲོལ་མ།       ཕ་ཡུལ་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ནས་འཚར་ལོངས་བྱུང་།     ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་བོད་ཀྱི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་མཐར་ཕྱིན། དེ་སྔར་ཡུན་ནན་མི་རིགས་སློབ་ཆེན་མི་རིགས་རིག་གནས་སློབ་གླིང་ནས་དགེ་རྒན་གྱི་ལས་ཀ་གཉེར་མྱོང་། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཨ་མེ་རི་ཀའིColoradoཁོ་ལོ་ར་ཏོ་སློབ་ཆེན་སོགས་སུ་སློབ་སྦྱོང་བྱེད་པར་ཕྱིན་མྱོང་། རིག་གཞུང་དུས་དེབ་སོགས་སུ་ཞིབ་འཇུག་གི་དཔྱད་རྩོམ་བཅོ་ལྔ་ལྷག་སྤེལ། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་བོད་ཀྱི་དམངས་སྲོལ་རིག་གནས་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་དབང་ཆེན་ཚེ་རིང་ངམ་ཆབ་འགག་ཇོ་རུ།

དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་སྤྱི་ཚོགས་ཚན་རིག་རིགས་ཁོངས་ཀྱི་ཀྲུའུ་རིན་གཞོན་པ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང། ཀྲུང་གོ་དམངས་སྲོལ་སློབ་ཚོགས། ཀྲུང་གོ་གཞས་མ་གཏམ་སྒྱུ་རྩལ་པའི་མཐུན་ཚོགས་སོགས་རིག་གཞུང་ཚོགས་པ13གྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་ཆེད་མཁས་འཇོན་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟའི་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ43སྤེལ་བ་དང་། ཞིབ་འཇུག་ཆེད་དེབ3དང་སྒྲུང་དཔེ6ལེགས་སྒྲིག་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་ལ་སོགས་པར་རིམ་པ་མི་འདྲ་བའི་བྱ་དགའ20ཐོབ་མྱོང་། རྒྱལ་ཁབ་རིམ་པའི་ལས་གཞི13ལ་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་3དང་། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལས་གཞི་གཅིག ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རང་འདེམས་ལས་གཞི་གཅིག་བཅས་ལ་མགོ་འཛིན་ཞིབ་འཇུག་བྱས། སྔ་གཞུག་ཏུ་གེ་སར་རིག་གནས་རྒྱུན་འཛིན་པའི་རིག་མཛོད་དང་ཆབ་འགག་ཇོ་རུའི་གེ་སར་རིག་གནས་འཕྲིན་སྟེགས་སོགས་བསྒྲུབས་ཤིང་། ཞིན་ཧྭ་དྲ་བ་དང་། ཀྲུང་གོའི་གསར་འགྱུར་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར། ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་ཚགས་པར་དང་དྲ་ཚིགས་སྟེང་དུ་གསར་འགྱུར་དང་རྩོམ་ཐུང60ལྷག་སྤེལ། 2015ལོར་ཀྲུང་གུང་ཐེམ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་འཁུར་མྱོང་བ་དང་། 2016ལོར་མཚོ་སྔོན་ཞིང་ཆེན་རྩེ་གྲས་གསར་གཏོད་ཀྱི་འཇོན་མི་སྟོང་གི་འཆར་གཞིའི་ནང་དུ་བདམས་ཐོན་བྱུང་། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་འཇོན་ཐང་མི་སྣའི་མཚན་སྙན་ཐོབ། 2019ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་མཚན་སྙན་གནང་།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com