སློབ་རའི་འགྱུར་ཁུགས་སྐབས༼༣༡༠༨༽
2021.03.15 ཁུངས། ཀློག་གྲངས། 187

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་དགའ་བདེ་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་དགེ་རྒན་ཞི་སྐྱིད་ཀྱིས་དམངས་སྲོལ་སློབ་སྦྱོང་གི་སྐོར་ནས་ཁ་བརྡ་བྱས་ཡོད་ལ། གཞན་ཞིན་ཧེ་རྫོང་སློབ་གསོ་ཅུའུ་རུ་བྱ་བ་གཉེར་བཞིན་པའི་དགེ་རྒན་རྟ་མགྲིན་ཐར་གྱིས་ཆུང་འབྲིང་སློབ་མའི་ཐུན་བར་དཔེ་དེབ་རྩོམ་སྒྲིག་གི་གོ་རིམ་དང་དགོས་པ་སོགས་ཀྱི་ཐད་ནས་ཁ་བརྡ་བྱེད་རྒྱུ།

རྟ་མགྲིན་ཐར།  བྲག་དཀར་རྫོང་གི་མི། མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཤེས་རམས་པའི་བསླབ་གནས་བླངས། སློབ་གྲྭ་ཆུང་འབྲིང་གི་མཐོ་རིམ་དགེ་རྒན། ༢༠༠༢ལོར་བྱ་བར་ཞུགས་ནས་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་བྱས། ༢༠༡༥ལོར་སློབ་གསོ་ཅུར་ལས་གནས་སྤར། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་《ས་གནས་བསླབ་གཞི་འཛུགས་སྐྲུན་དང་ལག་ལེན་སྐོར་གླེང་བ།》《རྒྱལ་རབས་གསལ་བའི་མེ་ལོང་གི་རྩོམ་པ་པོའི་སྐོར་གྱི་དོགས་དཔྱོད།》སོགས་དཔྱད་རྩོམ་རེ་གཉིས་དང་། 《བློ་གསར་མགུལ་རྒྱན》(སྟོད་སྨད་ཆ།)《བློ་ལྡན་རིགས་མཛོད། 》 《ཞིན་ཧེ་རྫོང་གི་གནས་རི་གྲགས་ཆེན་གྱི་ངོ་སྤྲོད་བློ་གསལ་དགའ་སྟོན།》《ཞིན་ཧེ། ང་ཚོའི་ཕ་ཡུལ།》 (དེབ་བཞི།) 《སྲིད་པའི་སྒྲུང་རབས།》 (སྟོད་སྨད་ཆ།) 《སྲིད་པའི་དར་ལྕེ》《སྲིད་པའི་ཁྲོམ་གླུ།》 《 སྲིད་པའི་རི་གླུ།》《སྲིད་པའི་ཞལ་ལུང་།》 སོགས་དམངས་ཁྲོད་རིག་གནས་བརྗོད་གཞི་ཡིན་པའི་སློབ་མའི་སློབ་ཕྱིའི་དཔེ་དེབ་བཅུ་བཞི་ལྷག་གཙོ་སྒྲིག་བྱས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྔ་གཞུག་ཏུ་དཔེ་སྐྲུན་བྱས། ༢༠༢༠ལོར།《ལེགས་བཤད་བདམས་བསྒྲིགས། 》《བསྟན་བཅོས་བདམས་བསྒྲིགས།》《བསླབ་བྱ་བདམས་བསྒྲིགས།》《མཛེས་སྡུག་གི་ཞིན་ཧེ།》བཅས་སྔ་རབས་མཁས་པའི་གསུང་རབ་བདམས་བསྒྲིགས་དེབ་གསུམ་དང་ས་གནས་ཀྱི་རི་ཆུ་རིག་གནས་ངོ་སྤྲོད་ཀྱི་དེབ་གཅིག་བཅས་བསྒྲིགས་ནས་དཔེ་སྐྲུན་བྱས། རྒྱལ་ཁབ་རིམ་པའི་ལས་གཞི་གཅིག་མཇུག་བསྡུ་མུས་སུ་མཆིས། ༢༠༡༩ལོར་མཚོ་སྔོན་ཞིང་ཆེན་གྱི་“མི་སྟོང་འཆར་གཞིའི་རྩེར་སོན་འཇོན་མི”རུ་བདམས་ཐོན་བྱུང་།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་མཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322