སློབ་རའི་འགྱུར་ཁུགས་སྐབས༼༣༡༡༢༽པ། ང་ཡི་སློབ་གྲྭ་དང་ངའི་སློབ་སྒྲུབ་ཀྱི་ཐབས་ལམ། ཁག་ཉེར་གཅིག་པ།
2021.03.26 ཁུངས། ཀློག་གྲངས། 2790

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ང་ཡི་སློབ་གྲྭ་དང་ངའི་སློབ་སྒྲུབ་ཀྱི་ཐབས་ལམ༽ཞེས་པའི་ཁག་ཉེར་གཅིག་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་སངས་ཆུང་ཡིན།

【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་རླུང་འཕྲིན་དང་དྲ་བའི་སྒང་ན་ལེ་ཚན་འདིར་གསན་བཞེས་གནང་བཞིན་པའི་གྲོགས་པོ་རྣམས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་རང་རང་གི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཆོག

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་སློབ་གཙོ་སངས་ཆུང་།

རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་སངས་ཆུང་ལགས་ནི།སྤྱི་ལོ1973ལོར་རྨ་ཆུ་རྫོང་མཚེ་རུ་མ་ཡུལ་ཚོ་ཤུག་འཕྲེང་རུ་ཆེན་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། 1994 ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་ཏེ་རྨ་ཆུ་རྫོང་མཚེ་རུ་མ་ཡུལ་ཚོ་ལྟེ་བའི་སློབ་ཆུང་ནས་དགེ་རྒན་གྱི་བྱ་བ་གཉེར་མགོ་བརྩམས་ཤིང་སློབ་གཙོའི་ལས་འགན་དང་དུ་བླངས།  2000ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ཏུ་སློབ་གཉེར་བྱས།  2000ལོའི་ཟླ་9བར་ཡང་བསྐྱར་བྱ་བའི་ལས་གནས་སུ་ཞུགས་ཏེ་རྨ་ཆུ་རྫོང་མཚེ་རུ་མ་ཡུལ་ཚོ་ལྟེ་བའི་སློབ་ཆུང་གི་སློབ་གཙོའི་འགན་ཁུར།  2005-2014ལོའི་བར་རྨ་ཆུ་རྫོང་མཚེ་རུ་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་བརྟན་སྲུང་ལྟེ་གནས་ཀྱི་ཀྲུའུ་རིན། ཡུལ་ཚོ་སྲིད་གཞུང་གི་འགོ་གཙོ་བཅས་ཀྱི་འགན་ཁུར་མྱོང་།  2014-2015ལོའི་བར་རྨ་ཆུ་རྫོང་ནོར་སྲིད་ཅུའུ་ཆེད་བསྐོས་ཧྲུའུ་ཅི་ཡི་འགན་ཁུར། 2015ནས་ད་ལྟའི་བར་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གི་སློབ་གཙོའི་འགན་ཁུར་ཡོད།


      མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com