སློབ་རའི་འགྱུར་ཁུགས་སྐབས༼༣༡༣༦༽
2021.05.31 ཁུངས། ཀློག་གྲངས། 430

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་】གི་ནང་དུ་མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ་ཞེས་པའི་ཁག་ལྔ་བ་བཀོད་སྒྲིག་བྱས་ཡོད་ལ། མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་ཤ་བོ་ཚེ་རིང་གིས་རྒྱུགས་དབྱེ་ཞིབ་དང་ཉིན་འདི་དག་གི་བྱ་བའི་གྲ་སྒྲིག་གི་ཐད་ནས་ཁ་བརྡ་བྱས་ཡོད།

ཤ་བོ་ཚེ་རིང་།

༢༠༠༢ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་སློབ་མཚམས་མ་བཞག་པར་མུ་མཐུད་དུ་སློབ་གཉེར་བྱས་ཏེ་༢༠༠༦ལོར་མཚོ་སྔོན་མི་རིགས་སློབ་གླིང་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན།༢༠༠༦ནས༢༠༠༩བར་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་ནས་སློབ་ཆེན་པའི་སྡེ་དཔོན་གྱི་འགན་ལོ་ངོ་གསུམ་རིང་འཁུར་བ་དང་།༢༠༡༢ལོ་ནས་ནས༢༠༡༥ལོའི་བར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་མཐོ་འབྲིང་ཚན་སྐོར་དུ་དགེ་རྒན་གྱི་ལས་ཀར་ཞུགས། ༢༠༡༦ལོར་བྱ་བའི་དགོས་དབང་གིས་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་དུ་ལས་གནས་སྤར་ཏེ་ད་བར་དུ་ལོ་རིམ་ཚན་ཁག་གི་འགན་ཁུར་པ་དང་མཐོ་འབྲིང་སྐད་ཡིག་དགེ་རྒན། འཛིན་བདག་དགེ་རྒན་བཅས་ཀྱི་འགན་འཁུར་བཞིན་ཡོད།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་མཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322