【སློབ་རའི་གསར་འགྱུར་སྐུད་ལམ】གྱི་ནང་དུ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་དབང་ཆེན་སྒྲོལ་མ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ལྕགས་མོ་རྒྱལ་གཉིས་ཀྱིས་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་ཡོད།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་སུ་བཀོད་པའི་ཕ་མས་རང་གི་བུ་མོའི་མདུན་ལམ་བཀག་མཐར་ཁྲིམས་ཆད་ཕོག་པ་ཞེས་པའི་དཔེ་མཚོན་གྱོད་གཞི་ཞིག་དང་། ༼ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ་ཁྱིམ་སྲོལ་གསུམ་ལ་མཐོང་ཆེན་བྱེད་དགོས༽ཞེས་པ་ལས་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་ཚུལ་ལྡན་ཁྱིམ་ཚང་གི་འཐུས་མི་ལ་མཇལ་འཕྲད་མཛད་སྐབས་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་སྒྲོག་འདོན་བྱས་ཡོད།
ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་དགེ་རྒན་བརྒྱད་ལ་མཚོ་ལྷོ་ཁུལ་ལས་རྐང་སྦྱོང་བརྡར་གྱི་སློབ་ཁྲིད་འགྲན་སྡུར་ཁྲོད་སློབ་ཁྲིད་བྱེད་མཁན་རྩེ་གྲས་དང་ཨང་དང་པོ། ཨང་གཉིས་པ་བཅས་ཀྱི་མཚན་སྙན་ཐོབ་པའི་འཕྲིན་གསར།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྒྲོན་སྟེགས་རྩོམ་རིག་ཚོགས་པས་གཙོ་སྒྲུབ་གནང་པའི་སྐབས་བཅུ་གསུམ་པའི་སྒྲོན་སྟེགས་བུམ་པ་རྟགས་མའི་སྙན་ངག་གྱེར་འདོན།
ལྷོ་ནུབ་མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར༧༠ལོན་པའི་དུས་སྟོན།
གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ཁྲིད་གཏོང་བ། ཚེ་མགོན་རྒྱལ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322