སློབ་རའི་འགྱུར་ཁུགས་སྐབས༼༣༡༦༦༽པ།༼ངས་ཁྱེད་ལ་དངོས་བྱུང་གཏམ་རྒྱུད་ཅིག་བཤད།༽
2021.09.10 ཁུངས། ཀློག་གྲངས། 2486

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་ ༼ངས་ཁྱོད་ལ་དངོས་བྱུང་གཏམ་རྒྱུད་ཅིག་བཤད༽  ཅེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཏེ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་འབྲུག་གོ་ཚེ་རིང་དང་གཉན་ཐོག་བྱིས་སྐྱོང་ཁང་གི་སློབ་གཙོ་བསོད་ནམས་རྡོ་རྗེ་གཉིས་ཀྱིས་རང་གི་སློབ་སྒྲུབ་བྱ་བའི་ཁྲོད་འཕྲལ་པའི་གོ་སྐོན་བློ་འགུག་གི་བྱ་བ་གང་དེ་བཤད་ཡོད།

འབྲུག་གོ་ཚེ་རིང་ངམ་གངས་བུ་འབྲུག་ལྗང་ནི། མདོ་སྨད་མང་རྫོང་གི་བྱ་མདོའི་ཡུལ་དུ་སྐྱེས། རིམ་གྱིས་སློབ་ཆུང་དང་སློབ་འབྲིང་འགྲིམ་ཞིང་། 1998ལོར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་སློབ་མཐར་ཕྱིན། ད་ཆ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀའི་ཞོར་དུ། 《མང་ཆུ》ལོ་དེབ་དང《མང་རྫོང་སློབ་གསོའི་ལྟ་སྐུལ》ལོ་ཕྱེད་དེབ་གཉིས་ཀྱི་གདན་ཞུའི་རྩོམ་སྒྲིག་པའི་ལས་ཀ་གཉེར་གྱིན་མཆིས། སྔ་གཞུག་ཏུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་གཙོས་པའི་ལྷུག་རྩོམ་དང་། སློབ་གསོའི་དཔྱད་རྩོམ་སོགས་བརྩམས་ཆོས་བརྒྱ་དང་ཉེར་ལྔ་ཙམ་སྤེལ། སྙན་ངག་རེ་འགའ་རྒྱ་ཡིག་ཏུ་བསྒྱུར་ཡོད། ཉིས་སྟོང་བཅུ་བཞི་ལོར《མི་ཚེ་གྲུབ་པའི་གླུ》ཞེས་པའི་དུར་ཁྲོད་སྙན་ངག་པའི་སྙན་ངག་བསྡུས་དེབ་ཅིག་པར་སྐྲུན་འགྲེམ་སྤེལ་བྱས།ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི། ཀོས་ནན་རྫོང་གི་གཟའ་ཉི་མའི་ཚོགས་མི་ཡིན་ལ། བོད་ཁུལ་གྱི་རྩོམ་རིག་དཔྱད་གླེང་དང་བགྲོ་གླེང་སྣ་ཚོགས་སུ་ཞུགས་ཏེ་གཏམ་བཤད་སྤེལ་མྱོང་བར་མ་ཟད། ད་དུང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་375ཐད་གཏོང་ཁང་དང་སློབ་རའི་འགྱུར་ཁུགས་སོགས་ལེ་ཚན་སྣ་ཚོགས་སུ་ཞུགས་ནས་རྩོམ་རིག་དང་སློབ་གསོའི་སྐོར་གྱི་གཏམ་བཤད་ཀྱང་ཐེངས་མང་སྤེལ་མྱོང་།

དགེ་རྒན་བསོད་ནམས་རྡོ་རྗེ།

སློབ་འབྲིང་མཐར་ཕྱིན་པ་ནས་མི་ལོ་དུ་མའི་རིང་ཕ་ཡུལ་ནས་ཞིང་ཕྱུགས་ཀྱི་ལས་ཀ་གཉེར། ཕྱིས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་རྩོམ་རིག་ཆེད་སྦྱོང་གི་སློབ་གཉེར་བྱེད་པའི་སྐལ་བཟང་མངོན་དུ་གྱུར། སློབ་མཐར་ཕྱིན་རྗེས་ཞོང་ཧྭ་བོད་ཡིག་སློབ་འབྲིང་ནས་དབྱིན་ཡིག་དགེ་རྒན་གྱི་བྱ་བ་གཉེར།

2009ལོར་ལས་གནས་ལས་དགོངས་ཞུ་བྱས་ཏེ་ཕ་ཡུལ་རྒྱལ་བོ་སྒང་སྡེ་བར་ཕྱིར་ལོག་ནས་བྱིས་སྐྱོང་ཁང་ཞིག་གསར་འཛུགས་བྱས།

2013ལོར་ཨ་རིའི་བེར་ཅིན་ནི་ཡ་སློབ་ཆེན་དུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་བྱུང་བ་དང་བསྟུན། ཊེ་ཀ་སེ་སི་རུ་བྱིས་པའི་སློབ་གསོའི་ཆེད་དུ་སློབ་སྦྱོང་བྱས། ཕ་ཡུལ་དུ་ཕྱིར་ལོག་ནས་སྔ་གཞུག་ཏུ་མི་སྣ་སྐོར་ཞིག་དང་མཉམ་འབྲེལ་གྱིས་བྱིས་སྐྱོང་ཁང་དྲུག་མཉམ་བསྒྲུབ་བྱས་པ་དང་། ད་ལྟ་རྨ་ལྷོ་ཁུལ་ཐོག་ཏུ་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་གསར་འཛུགས་ཀྱིས་སློབ་གཙོའི་འགན་ཁུར་ཡོད། ཞོར་དུ་གཉན་ཐོག་བྱིས་སྐྱོང་གླིང་དང་རྐ་གསར་བྱིས་སྐྱོང་གླིང་གཉིས་ཀྱི་སློབ་གཙོའི་འགན་ཡང་བླངས་ཡོད།

2016ལོར་ཡོ་རོབ་ནོར་ཝེ་རྒྱལ་ཁབ་ཏུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་པ་དང་། ཧྥ་རན་སི་དང་འཇར་མན། སུད་སི་དང་བྷེལ་ཇམ་སོགས་སུ་ཕྱིན་ནས་བྱིས་སྐྱོང་ཁང་མང་པོའི་ནང་ཕྱིན་ནས་སློབ་སྦྱོང་བྱས། མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་དང་ལྷ་ས་སོགས་སུ་ཐེངས་མང་པོར་ཕྱིན་ནས་དགེ་རྒན་ཚོར་འཆད་ཁྲིད་དང་ཟབ་སྦྱོང་རབ་དང་རིམ་པར་བྱས་མྱོང་།

2018ལོར་རྨ་ལྷོ་ཁུལ་གྱི“སློབ་སྔོན་སློབ་གསོའི་སྤྱི་ཕན་ལས་གཞིའི་”གསོ་སྦྱོང་བྱེད་སྒོར་ཞུགས་པ་མ་ཟད། ཨའོ་མོན་ལ་སློབ་གཉེར་དུ་ཕྱིན། ཁོང་གིས་ད་ལྟའི་བར་གསར་རྩོམ་དང་ཡིག་བསྒྱུར། རྩོམ་སྒྲིག་བཅས་བྱས་པའི་དཔེ་དེབ་བདུན་པར་བསྐྲུན་བྱས་ཡོད།


གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་འཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322