སློབ་རའི་འགྱུར་ཁུགས་སྐབས༼༣༡༧༣༽
2021.09.30 ཁུངས། ཀློག་གྲངས། 1241

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བའི་སློབ་གཙོ་གཞོན་པ་དཔའ་འབུམ་རྒྱལ་གྱི་བརྩམས་ཆོས་སྒྲུང་རིང་༼ཤིང་ལོ་༽དང་བསྒྱུར་རྩོམ་༼དུས་ཀྱི་བྱུང་རིམ་སྤྱི་བཤད༽། ༼འཚོ་ཐབས་གསལ་བའི་མེ་ལོང་༽ཅེས་པའི་དེབ་གསར་ངོ་སྤྲོད་དང་གསར་རྩོམ་བརྒྱུད་རིམ། བོད་འགྱུར་དམིགས་ཡུལ་སོགས་ཀྱི་ཐད་ནས་ཁ་བརྡ་བྱས་ཡོད།

གཞན་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་སྐལ་བཟང་དར་རྒྱས་ཀྱི་དཔེ་ཀློག་མྱོང་བ་བཤད་ཡོད།

དཔའ་འབུམ་རྒྱལ།   པིར་མིང་ལ་འབལ་དཀར་ནག་ཟེར།   མདོ་སྨད་འབའ་རྫོང་དུ་སྐྱེས།         ༢༠༠༤ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དངོས་ལུགས་སྡེ་ཁག་ནས་མཐར་ཕྱིན།   སྔ་ཕྱིར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་དང་རྔ་བ་ཁུལ་སློབ་གསོའི་ཚན་རིག་ཞིབ་འཇུག་ཁང་དུ་བྱ་བ་ལས།     ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པར་སློབ་གཙོ་གཞོན་པའི་འགན་འཁུར་བཞིན་ཡོད།   བརྩམས་ཆོས་གཙོ་བོ་ལ།   འགྱུར་དེབ《གསོམ་པ།   སྟག་པ།   ཤུག་པ》དང་།   《དུས་ཀྱི་བྱུང་རབས་སྤྱི་བཤད།》  《འཚོ་ཐབས་གསལ་བའི་མེ་ལོང》དང་།     གསར་རྩོམ《ངའི་ཕ་ས་ཕ་ཡུལ》(མཉམ་འབྲེལ)དང《ངའི་སྲིང་མོ།》《ཤིང་ལོ》སོགས་པར་དུ་བསྐྲུན་ཡོད།

དགེ་རྒན་དཔའ་འབུམ་རྒྱལ་གྱི་བརྩམས་ཆོས།

གདན་ཞུའི་སྐུ་མགྲོན་སྐལ་བཟང་དར་རྒྱས།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  བློ་བཟང་།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322