སློབ་རའི་འགྱུར་ཁུགས་སྐབས༼༣༢༠༥༽པ། སྐབས་བཞི་བའི་སྒྲུང་ཐུང་འགྲན་སྡུར་དང་འབྲེལ་བའི་ཁ་བརྡ།
2021.12.18 ཁུངས། ཀློག་གྲངས། 258

【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་མགོ་ལོག་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ངག་དབང་བརྩོན་འགྲུས་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་རྡོ་རྗེ་ཚེ་རིང་གཉིས་ཀྱིས་འདས་ཟིན་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་། 】ཚན་པ་འདིའི་ནང་དུ༼སྐབས་བཞི་བའི་སྒྲུང་ཐུང་འགྲན་སྡུར་དང་འབྲེལ་བའི་གཏམ༽ཞེས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་འགྲན་སྡུར་འདིའི་གཙོ་སྒྲུབ་ལས་ཁུངས་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྩོམ་སྒྲིག་པ་ཁྲི་སེམས་དཔའ་དང་ཐེངས་འདིའི་དཔྱད་འདེམ་ཚོགས་པའི་ཚོགས་གཙོ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཚེ་དཔལ་སྟོབས་ལྡན། ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཟླ་བ་གྲགས་པ་བཅས་ཡིན།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱས་པ་དང་རྒྱུད་བཞིའི་བློ་རྒྱུགས་ཆེན་མོའི་༼སྔོན་འགྲོ་དག་ཕུད་ཀྱི༽་སྟ་གོན་བྱ་བའི་འཚོགས་འདུ་ཚོགས།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་གངས་ལྷ་མེ་ཏོག་མཐུན་ཚོགས་ཀྱིས་ལོ་མཇུག་བྱ་བ་སྤྱི་བསྡོམས་དང་ཤེས་བྱ་འགྲན་བསྡུར་སྤེལ། 

གདན་ཞུའི་སྐུ་མགྲོན།  ཐེངས་འདིའི་གཙོ་སྒྲུབ་ལས་ཁུངས་སྟེ་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྩོམ་སྒྲིག་པ་ཁྲི་སེམས་དཔའ།

གདན་ཞུའི་སྐུ་མགྲོན། ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམ་པ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཚེ་དཔལ་སྟོབས་ལྡན།

གདན་ཞུའི་སྐུ་མགྲོན། ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཟླ་བ་གྲགས་པ།


མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com