སློབ་རའི་འགྱུར་ཁུགས་སྐབས༼༣༢༣༦༽པ། ཕུལ་བྱུང་དགེ་རྒན་ཞིག་གི་བྱ་བའི་ཉམས་མྱོང་།
2022.04.01 ཁུངས། ཀློག་གྲངས། 169

【སློབ་རའི་གསར་འགྱུར་སྐུད་ལམ་】གྱི་ནང་དུ་གངས་ལྫོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པས་རང་སློབ་གྲྭ་ནས་རིམས་འགོག་གཙོ་བྱས་ས་འགུལ་དང་མེ་སྐྱོན་སོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་པའི་གནས་ཚུལ་སྒྲོག་སྤེལ་བྱས་ཡོད།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ༼ཕུལ་བྱུང་དགེ་རྒན་ཞིག་གི་བྱ་བའི་ཉམས་མྱོང༽་ཞེས་པའི་ཆེད་སྒྲིག་ལེ་ཚན་གྱི་ཁག་གཉིས་པ་བཀོད་སྒྲིག་བྱས་ཏེ་དེར་རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་སྙིང་བྱམས་རྒྱལ་གདན་ཞུ་བྱས་ཏེ།ཁོང་གིས་བྱ་བའི་ཁྲོད་ཀྱི་མཐོང་ཐོས་མྱོང་རེག་ཏུ་གྱུར་བའི་མི་སྐྱོང་སློབ་གསོའི་གཏམ་རྒྱུད་རེ་རེ་མཉམ་སྤྱོད་བྱས་ཡོད།

སློབ་རའི་གསར་འགྱུར་དང་འབྲེལ་ཡོད་ཀྱི་པར།

སྙིང་བྱམས་རྒྱལ། ༢༠༠༡ལོར་རྨ་ལྷོ་དགེ་འོས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། སྔ་ཕྱིར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་དབྱིན་ཡིག་སྡེ་ཁག་ནས་ལོ་ངོ་བཞི་ལྷག་གི་རིང་ལ་ཆེད་ལས་སློབ་གཉེར་བྱས། གཞན་ཡང་ལས་ཞོར་དུ་རྒྱལ་ས་པེ་ཅིན་དང་སི་ཁྲོན་ལྷོ་ནུབ་སློབ་ཆེན། ཧྲང་ཧྭེ་ཕྱི་ཡིག་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་ཟླ་ངོ་འགའི་རིང་དབྱིན་ཡིག་རྐང་འཛིན་དགེ་རྒན་གྱི་ཟབ་སྦྱོང་ལ་ཞུགས། ལོ་ངོ་ཉི་ཤུའི་དཔེ་ཁྲིད་མི་སྐྱོང་གི་ལས་རིགས་འདིའི་ཁྲོད། ཕུལ་བྱུང་དགེ་རྒན་དང་དཔེ་ལེགས་འཛིན་བདག་སོགས་ཀྱིས་མཚོན་པའི་བྱ་དགའི་རྟགས་མ་སུམ་བཅུར་བརྒལ་བ་བླངས་མྱོང་། ༢༠༢༠ལོར་《དབྱིན་ཡིག་བརྡ་སྤྲོད་གསལ་སྒྲོན།》རྩོམ་སྒྲིག་ལེགས་འགྲུབ་བྱུང་སྟེ་ཟི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ད་ལྟ་རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་གཉེར་བཞིན་མི་རིགས་སློབ་གསོའི་ལས་དོན་ཐད་འབད་པ་ལྷུར་ལེན་བཞིན་ཡོད་དོ།

དགེ་སློབ་མཉམ་པར།

མཐར་ཕྱིན་མཉམ་པར།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  ཚེ་མགོན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322