སློབ་རའི་འགྱུར་ཁུགས་སྐབས༼༣༢༤༥༽པ། ལྔ་གཅིག་གནང་བའི་སྐབས་སུ་མཉམ་འཇོག་བྱེད་དགོས་པའི་སྐོར།
2022.04.29 ཁུངས། ཀློག་གྲངས། 810

【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་མཚོ་བྱང་ཁུལ་རྐང་ཚ་རྫོང་བཅའ་སྡོད་ལུགས་མི་རིགས་དམའ་རིམ་སློབ་འབྲིང་གི་སློབ་རའི་གསར་འགོད་པ་པདྨ་ལྷ་མཚོ་དང་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་ཨ་སྐྱབས།མགོ་ལོག་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ངག་དབང་བརྩོན་འགྲུས་བཅས་ཀྱིས་གཟའ་འཁོར་གཅིག་གི་སློབ་རའི་གསར་འགྱུར་སྤེལ་ཡོད།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པའི་ནང་དུ་སློབ་གྲོགས་ཚོས་ལྔ་གཅིག་གནང་བའི་སྐབས་སུ་མཉམ་འཇོག་དགོས་ས་གང་དག་ཡོད་ཅེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བདེ་མཆོག་སྒྲོལ་མ་ཡིན།

གདན་ཞུའི་སྐུ་མགྲོན། མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བདེ་མཆོག་སྒྲོལ་མ།

རྐང་ཚ་རྫོང་བཅའ་སྡོད་ལུགས་མི་རིགས་དམའ་རིམ་སློབ་འབྲིང་གི་སྙན་ངག་གྱེར་འདོན་གྱི་བྱ་འགུལ།

རྐང་ཚ་རྫོང་བཅའ་སྡོད་ལུགས་མི་རིགས་དམའ་རིམ་སློབ་འབྲིང་གི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ།

མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་འགྲན་སྡུར་སྤེལ།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་རིམས་འགོག་ཤེས་བྱ་དང་ཁྲིམས་ལུགས་བདེ་འཇགས་སྐོར་གྱི་ཤེས་རིག་འགྲན་གླེང་འཚོགས་པ་དང་དཔེ་ཀློག་བྱ་འགུལ་སྤེལ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com