སློབ་རའི་འགྱུར་ཁུགས་སྐབས༼༣༢༦༡༽པ། ངས་ཁྱེད་ལ་སེམས་གཏམ་ཞིག་བཤད།
2022.06.23 ཁུངས། ཀློག་གྲངས། 88

 【ང་ཡི་ལང་ཚོའི་རྨི་ལམ】བོད་ལྗོངས་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་སྙིང་མོ་སྐྱིད་ཀྱིས་རྨི་ལམ་དང་ཕུགས་བསམ་གྱི་ལྷད་དུ་ཕ་ཡུལ་ལུང་པ་དྲན་པའི་གདུང་བ་དང་མི་ཡུལ་ས་མཐའ་འགྲིམ་པའི་སྐྱོ་བ། རྩོམ་འབྲིའི་དགའ་ཕྱོགས་དང་དགའ་ཕྱོགས་དེར་འཕྲོས་ཀྱི་མྱོང་བའི་ཐད་ཁ་བརྡ་བྱས་ཡོད།

【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ་ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁེར་ཅང་ནན་གློག་བརྙན་སྒྱུ་རྩལ་ལས་རིགས་སློབ་གྲྭར་གློག་བརྙན་འཁྲབ་སྟོན་ཆེད་ལས་ལ་སློབ་གཉེར་བྱེད་བཞིན་པའི་ཧུ་ལུ་ཡིས་རང་གི་ནར་སོན་གྱི་དཀའ་སྡུག་དང་སེམས་འགྱུ་གླེང་ཡོད།

སྙིང་མོ་སྐྱིད། མཚོ་སྔོན་རེབ་གོང་དུ་སྐྱེས།༢༠༠༩ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ལས་དངོས་གཞི་མཐར་ཕྱིན། ༢༠༡༢ལོར་བོད་ལྗོངས་སློབ་ཆེན་ལས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རམས་འབྱམས་པའི་བསླབ་གནས་བླངས། ༢༠༡༢ལོའི་ཟླ་བདུན་པར་བོད་ལྗོངས་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་ལས་ཀར་ཞུགས། ལས་ཞོར་དུ་སྒྲུང་གཏམ་དང་ལྷུག་རྩོམ། རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་གྱི་སྒྱུར་རྩོམ་སུམ་ཅུ་ལྷག་«མི་རིགས་རྩོམ་རིག»དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ།» «སྦྲང་ཆར།» «གངས་དཀར་རི་བོ།» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»་སོགས་ཀྱི་དུས་དེབ་ཁག་ཏུ་བཀོད་ཡོད། ༢༠༢༡ལོར་འགྱུར་དེབ་《རླུང་ལ་བསྐུར་བ》པར་དུ་བསྐྲུན།

གློག་བརྙན་འཁྲབ་སྟོན་ཆེད་ལས་ལ་སློབ་གཉེར་བྱེད་བཞིན་པའི་ཧུ་ལུ།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་འཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།གཞུང་ལས་ཁང་། 0971 6329322