【ང་ཡི་ལང་ཚོའི་རྨི་ལམ】ནང་ད་ལོའི་མཐོ་གསུམ་མཐར་ཕྱིན་སློབ་མ་བློ་བཟང་སྒྲོལ་མས་རང་གི་དགའ་ཕྱོགས་དང་ལོ་ངོ་གཅིག་གི་བསྐྱར་འདོན་འཚོ་བ། དཔེ་ཀློག་གི་དཔེ་མཚན་སྐོར་ནས་ཁ་བརྡ་བྱེད་རྒྱུ། གཞན་དགེ་རྒན་ཤ་བོ་ཐར་གྱིས་གྱེར་འདོན་བྱས་པའི་བདེ་སྐྱིད་ཅེས་པའི་སྙན་ངག་ཅིག་དང་སློབ་མ་བཀྲ་ཤིས་མཚོ་མོ་ཡིས་བྲིས་པའི་ལྷུག་རྩོམ་བརྗེད་མི་སྲིད་པའི་འདས་དོན་ཞིག། ད་དུང་སློབ་གྲོགས་བཀྲ་ཤིས་སྐྱིད་ཀྱིས་བྲིས་པའི་ལྷུག་རྩོམ་བརྗེད་དཀའ་བའི་འདས་དོན་ཞེས་པ་སོགས་བཀོད་སྒྲིག་བྱས་ཡོད།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ་དབྱར་གནང་སྐབས་ཀྱི་བདེ་འཇགས་ཤེས་བྱ་བཤད་རྒྱུ།
བློ་བཟང་སྒྲོལ་མ།མཐོ་གསུམ་མཐར་ཕྱིན་སློབ་མ།
མདོ་འཛིན་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322