【སློབ་གསོ་མཁས་བརྒྱའི་དཔྱད་གླེང】ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོ་དཀྱིལ་སྙིང་སློབ་གྲྭའི་དགེ་རྒན་པད་ཐར་འབུམ་གྱིས་བྲིས་པའི་རྩོམ་ཡིག༼སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་ཐད་དུ་གནས་པའི་སྐྱོན་ཕྲན་ཙམ་བཤད་པ༽ཞེས་པ་བཀོད་སྒྲིག་བྱས་ཡོད། དེར་ནང་དོན་ཁག་བཞི་ཡོད་ལ། དང་བོ། དམིགས་ཚད་མི་གསལ་བའི་སྐྱོན། གཉིས་པ། སྣོད་ལ་མ་དམིགས་པའི་སྐྱོན། གསུམ། གྲ་སྒྲིག་མེད་པའི་སྐྱོན། བཞི། དམིགས་ཡུལ་མི་གསལ་བའི་སྐྱོན་བཅས་མདོར་ན་སྦྱོར་ཀློག་དང་ཕྲལ་ཀློག་གི་ནུས་པ་དང་ཡི་གེའི་ངོས་འཛིན་གྱི་ནུས་པ་དང་དཔེ་ཀློག་གི་ནུས་པ་དང་། རྩོམ་འབྲིའི་ནུས་པ་དང་རང་སྦྱོང་གི་ནུས་པ་དང་། གནད་དོན་ཐག་གཅོད་ཀྱི་ནུས་པ་བཅས་གོང་འཕེལ་ལ་འགྲོ་བའི་ཆེད་དུ་སྐྱོན་ཆ་བཅོས་བསྒྱུར་དང་། བཟང་ཆ་བསྡུ་ལེན་བྱས་ནས་གྲ་སྒྲིག་ཆ་ཚང་དང་དམིགས་ཚད་གཏན་འབེབས་བྱེད་དགོས་པ་བསྟན་ཡོད།
མདོ་འཛིན་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322