【ང་ཡི་ལང་ཚོའི་རྨི་ལམ】ནང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་རྟ་མགྲིན་མཚོས་ཐེངས་འདིའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་ལྔ་བ་ངོ་སྤྲོད་དང་བརྒྱུད་རིམ་། དགོས་པ་སོགས་ཁ་བརྡ་བྱེད་རྒྱུ། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་གནས་ཕྱུག་སྐྱིད་ཀྱིས་གངས་ལྗོངས་ཁུ་བྱུག་སྔོན་མོ་ཞེས་པ་དང་ཐེངས་འདིའི་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་གྲོགས་ཚེ་རིང་མཚོས་བྲིས་པའི་ལྷུག་རྩོམ་སྔས་མགོ་ཞེས་པ་བཀོད་སྒྲིག་བྱས་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་རྟ་མགྲིན་མཚོ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་གནས་ཕྱུག་སྐྱིད།
མདོ་འཛིན་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322