ཚེ་ཕྱུག་རྒྱལ་གྱིས་ལོ་ངོ་བཅུ་གཅིག་རིང་ལ་ས་མུའུ་སྟོང་དགུ་ལྗང་བསྒྱུར་བྱས་པ།
2013.11.07 ཁུངས། ཀློག་གྲངས། 45

ཐང་དཀར་མའི་ཕྱོགས་སུ་བསྐྱོད་པའི་ལམ་འགྲམ་དུ། ཁྱོད་ཀྱི་མིག་ལམ་དུ་མངོན་པ་ནི་མཐའ་ཡས་པའི་རྩྭ་ཐང་སྟེང་གི་སྡོང་ཕྲན་ནགས་ཚལ་དང་ལྗང་མདོག་གི་བརླན་ས་དེ་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཞང་སྟོང་སྐོར་སྡེ་བའི་འབྲོག་པ་ཚེ་ཕྱུག་རྒྱལ་ནི་ལྗང་མདོག་གི་ས་ཁུལ་འདིར་སྡོང་ཕྲུག་འཛུགས་མཁན་ཡིན།

1991ལོར། ལོ་ན22ལ་སོན་པའི་ཚེ་ཕྱུག་རྒྱལ་སྟོང་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་རེད།

སྟོང་སྐོར་སྡེ་བ་ནི་ཁྱིམ་ཚང་ཉིས་བརྒྱ་དང་རེ་ལྔ་ཡོད་པའི་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་། དུས་ཡུན་རིང་བོར་མང་ཚོགས་ཀྱི་འཚོ་བར་དཀའ་ཁག་ཡོད་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན།

སྡེ་བའི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཆེད། ཚེ་ཕྱུག་རྒྱལ་གྱིས་སྡེ་བའི་ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་དེ། ཁྱིམ་ཚང་རེ་རེར་སོང་ནས་མང་ཚོགས་ལ་ཏང་གིས་རོང་འབྲོག་ཁུལ་ལ་ལག་བསྟར་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་སྣ་ཚོགས་དྲིལ་བསྒྲགས་དང་། མང་ཚོགས་ལ་རྩྭ་སར་ལྕགས་དྲ་བསྐོར་བ་དང་། དྲོད་ཁང་། མིའི་ཐབས་ཀྱིས་རྩྭ་འདེབས་པ་གཙོ་བོ་ཡིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱས་ཏེ། འབད་པ་ཆེན་པོས་ཕྱུགས་རྒྱུད་ལེགས་བཅོས་དང་། ནོར་ལུག་ཚོ