ལས་རིགས་གསར་སྐྲུན་གྱི་ལམ་དུ་སྤྲོ་བས་བརྟོས་པ།
2014.01.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

ང་ཚོ་འབའ་ཡུལ་རྩྭ་ཐང་གི་གངས་ལྗོངས་ནོར་གནག་འོ་རྫས་མ་རྐང་ཚད་ཡོད་ཀུང་ཟིར་ཐོན་དུས་འཇོན་ཐང་ལྡན་པའི་ན་གཞོན་སྤྱི་གཉེར་བ་ནོར་བུ་བཙན་འདུལ་གྱི་སྤྲོ་དགའི་གདོང་གི་ཉམས་འགྱུར་གྱིས་ང་ཚོའི་ཟེམས་སུ་བག་ཆགས་ཟབ་མོ་ཞིག་བཞག་སོང་།

ནོར་བུ་བཙན་འདུལ་ནི་ཉིས་སྟོང་བཅུ་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འཇར་པན་སྐད་ཀྱི་ཆེད་སྦྱོང་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། ཡུལ་མི་དང་གཉེན་ཉེ་དག་གི་རྒྱབ་སྐྱོར་འོག་ཁོས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བ་ནས་གངས་ལྗོངས་ནོར་གནག་འོ་རྫས་མ་རྐང་ཚད་ཡོད་ཀུང་ཟི་ཞེས་པ་ཞིག་གསར་དུ་བཙུགས།

འབའ་ཡུལ་རྩྭ་ཐང་བད་ཁོ་སྡེ་བ་ནས་ནར་སོན་པའི་ནོར་བུ་བཙན་འདུལ་གྱིས་རྒྱུན་དུ་ཀུང་ཟི་དེ་རུ་བྱ་བ་སྒྲུབ་བཞིན་པའི་སྐབས་སུ། ཁོའི་སེམས་སུ་བརྗོད་བཀའ་བའི་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་བཞིན་ཡོད། དེ་ནི་ཁོས་བརྩེ་བ་ཟབ་མོས་ཕ་ཡུལ་གྱི་བཟོ་གྲྭ་དེའི་འགན་ཁུར་དང་ལེན་བྱས་ཡོད་སྟབས་སེམས་ཤུགས་འདོན་ས་མང་པོ་ཞིག་ཡོད་པས་ཡིན། ཁོམ་ལོང་བྲལ་བའི་བྱ་བའི་བར་གསེང་རེ་རེ་ནས་སྐབས་སྐབས་སུ་ཁོ་རང་ཅི་བྱ་གཏོལ་མེད་ཀྱི་ལས་ལའང་ཐུག་གིན་འདུག འདི་དག་ནི་གསར་འགོད་པས་ཁོ་ལ་བཅར་འདྲི་བྱེད་སྐབས་སུ་རྒྱུས་ལོན་བྱུང་བའི་གནས་ངོ་མ་དེ་རེད།

ཉིས་