མི་རིགས་མཐུན་སྒྲིལ་དེ་རང་ཉིད་ཀྱི་མིག་འབྲས་བཞིན་གཅེས་དགོས།
2014.02.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

—མཚོ་སྔོན་ཡུལ་ཤུལ་ཁུལ་གློག་ཤུགས་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་པད་མ་རབ་བརྟན་གྱི་གནས་ཚུལ་བཀོད་པ།

མཚོ་སྔོན་ནི་མི་རིགས་མང་པོའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སྔོན་ཐོན་བྱེད་རྒྱུ་དེ་ཆེས་གལ་ཆེ་བ་ཞིག་རེད། དུས་ཡུན་རིང་བོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ་བཏང་ཞིང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་གསོ་སྤེལ་དང་འཕེལ་རྒྱས་བཏང་བས། མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་ཀྱི་རྩོམ་ཡིག་གསར་བ་ཞིག་བྲིས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་གསར་འཛུགས་ལག་བསྟར་བྱེད་པའི་རྩ་གནད»དང་། སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྣེ་ཁྲིད་པ། སྔོན་ཐོན་མིག་དཔེ་འཛུགས་པ། མཐུན་སྒྲིལ་འཆམ་མཐུན་དར་སྤེལ་གཏོང་བ་བཅས་ལག་ལེན་མཐར་ཕྱིན་བྱ་ཆེད། ནུས་ཤུགས་ཡོད་དགུས་ས་གནས་སོ་སོས་གསར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་མངོན་པའི་སྔོན་ཐོན་མི་སྣ