ཐང་ཀ་སྒྱུ་རྩལ་པ་བཀྲ་ཤིས་ཀྱི་སྨྱུག་རྩེ་ལས་འཕོས་པའི་ཕུགས་འདུན་ཆེན་མོ།
2014.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

དཔྱིད་ཀའི་དྲོད་འཇམ་གྱི་ཉི་ཟེར་ཐང་ཀ་འབྲི་སའི་ཁང་བའི་ནང་འཕྲོས་པ་ན། ཁང་བ་དེ་གཙང་ཞིང་གསལ་ལ་དྭངས་ཤིང་ཡངས་པ་ལྟར་སྣང་འདུག ད་ལོ་ལོ་ཉེར་བརྒྱད་ལ་སོན་པའི་ཐང་ཀ་འབྲི་བཞེངས་མཁན་བཀྲ་ཤིས་ཀྱི་ལག་ཏུ་རི་མོ་འབྲི་སྤྱད་ཀྱི་སྨྱུ་གུ་ཞིག་ཐོགས་ནས་སེམས་རྩེ་གཅིག་གིས་ཐང་ཀའི་འབྲི་རས་སྟེང་དུ་ཐང་ཀ་ལ་ཚོན་གཏོང་བཞིན་མཆིས། ཁོས་བཤད་པ་ལྟར་ན། དེ་ནི་ཁོས་རྒྱལ་ཡོངས་ཀྱི་སྐོར་བསྐྱོད་ཐང་ཀ་འགྲེམ་སྟོན་གྱི་བརྩམས་ཆོས་ཡིན་པ་དང་། ཐང་ཀ་རེ་རེར་སྲོལ་རྒྱུན་གྱི་འབྲི་སྟངས་སྤྱད་ཡོད་ཟེར།

བཀྲ་ཤིས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཐོ་རྒྱ་སྡེ་བའི་ཡིན་པ་དང་། ཉིས་སྟོང་དགུ་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་བཟོ་རྩལ་མཛེས་རྩལ་ཆེད་ལས་ནས་སློབ་མཐར་ཕྱིར་རྗེས། ཟི་ལིང་གྲོང་ཁྱེར་ནས་ཐང་ཀའི་ཕོ་ཉ་ཞེས་པའི་རི་མོ་འབྲི་ས་ཞིག་བཙུགས། ཐང་ཀ་ནི་བོད་ཀྱི་རིག་གནས་ཁྲོད་གཞན་དང་མི་མཚུངས་པའི་ཁྱད་ཆོས་ལྡན་པ་དང་། འབྲི་སྟངས་སྣ་ཚོགས་སྤྱད་ཆོག་པའི་རྣམ་པ་ཞིག་ཡིན་ལ། དེ་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པས། བོད་ཀྱི་སྣ་བརྒྱའི་རིག་མཛོད་ཅེས་པའི་མིང་ཞིག་ཀྱང་ཐོགས་ཡོད། བཀྲ་ཤིས་ཀྱིས་བཤད་རྒྱུར། ཐང་ཀ་ནི་