དགེ་རྒན་དང་བླངས་པ་ཞིག་གི་བཤུལ་ལམ།
2014.04.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

འཚོ་བ་རིགས་ཤིག་ཁྱེད་ཀྱིས་བརྒྱུད་མ་མྱོང་བས་དེའི་ཁྲོད་ཀྱི་དཀའ་སྡུག་ཤེས་མི་སྲིད་ལ། དཀའ་སྡུག་རིགས་ཤིག་ཁྱེད་ཀྱིས་མྱངས་མ་མྱོང་བས་དེའི་ཁྲོད་ཀྱི་སྤྲོ་དགའ་ཡང་རྟོགས་མི་སྲིད་པ་དང་། སྤྲོ་དགའ་རིགས་ཤིག་ཁྱེད་ཀྱིས་མྱངས་མ་མྱོང་བས་དེའི་ཁྲོད་ཀྱི་དྭངས་གཙང་དེ་བས་ཀྱང་མཐོང་མི་སྲིད།

ལྷ་སར་དང་བླངས་དགེ་རྒན་བྱེད་དུ་འགྲོ་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ་ཡང་གཅིག་བཤད་ན་སྤྲོ་སྣང་ལྡན་པ་ཞིག་ཀྱང་རེད། པེ་ཅིན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་དང་བླངས་དགེ་རྒན་ཚོགས་པའི་ཚོགས་གཙོ་ཞུའུ་ཙི་ཡོན་གྱིས་བཤད་རྒྱུར། “དང་བླངས་པ་གཅིག་ནི་ས་རྡུལ་ཕྲ་མོ་རེ་རེ་དང་འདྲ། ཡིན་ནའང་ང་ཚོ་འཚོ་གཞེས་ཀྱི་དོན་སྙིང་ནི་འཇིག་རྟེན་གྱི་ཁམས་ཆེན་པོར་འཐིམ་རྒྱུ་དེ་མིན་པར། ས་རྡུལ་གྱི་ཆ་ཤས་མང་པོ་གཞི་གཅིག་དུ་འདུས་ནས་རི་དང་རི་རྒྱུད་དུ་ཆགས་རྒྱུ་དེ་ཡིན། དེ་ལྟ་བུའི་རི་རྒྱུད་ཀྱིས་ད་གཟོད་རླུང་བུ་ཡི་རྒྱུ་ཕྱོགས་ལ་འགྱུར་ལྡོག་གཏང་ཐུབ་ཅིང་གཙང་བོ་ཡི་བཞུར་ཚད་ཐག་གཅོད་བྱེད་ཐུབ་ཀྱིན་ཡོད”ཟེར། ལྷ་ས་སློབ་འབྲིང་གི་དང་བླངས་དགེ་རྒན་བྱས་པ་ལས་ཞུའུ་ཙི་ཡོན་དང་ཁོའི་གྲོགས་པོ་རྣམས་ལ་སྔར་མེད་ཀྱི་སྤྲོ་དགའི་སྣང་བས་ཁེངས་ཤིང་གཞན་གྱི་མིག་དཔེ་བྱེད་སའི་གཟི་བརྗིད་མཚན་སྙན་ཡང་ཐོབ་མྱོང