མཐོ་སྒང་དུ་མཛེས་པར་བཞད་པའི་ལུག་མཉེ་མེ་ཏོག་རྐང་གཅིག
2014.04.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

    —གྲོང་ཁྱེར་དུ་རིག་པའི་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་བུ་མོ་ཆུང་ཆུང་རྡོ་རྗེ་སྒྲོལ་མའི་རྩོམ་འབྲིའི་གནས་ཚུལ་བཀོད་པ།

རྡོ་རྗེ་སྒྲོལ་མ། ངས་སྔོན་ཆད་མཐོང་མ་མྱོང་བའི་བོད་རིགས་བུ་མོ་ཆུང་ཆུང་འདིའི་གཟུགས་རིས་ཡིད་ལ་དྲན་ཐེངས་རེར། ངའི་མིག་ལམ་དུ་སྣང་བྱུང་བ་ནི་མཐོ་སྒང་དུ་མཛེས་པར་བཞད་པའི་ལུག་མཉེ་མེ་ཏོག་རྐང་གཅིག་རེད། རྗེས་སུ་ངས་ཁོ་མོའི་རྩོམ་ཡིག་རེ་རེར་ཞིབ་ཏུ་བལྟ་ཀློག་བྱེད་དུས་ཆེས་ཡ་མཚར་བ་ཞིག་ལ་བུ་མོ་ཆུང་ཆུང་དེའི་རྩོམ་ཡིག་དེ་དག་གི་ཁྲོད་དུ་དངོས་ནས«ང་རང་ཆེས་དགའ་བའི་རི་སྐྱེས་ལུག་མཉེ་མེ་ཏོག»ཅེས་པའི་རྩོམ་ཡིག་ཅིག་འདུག རེད་དེ། སྒྲོལ་མ་ཆུང་ཆུང་། ཁྱོད་ནི་ཁྱོད་ཀྱི་རྩོམ་ཡིག་ཁྲོད་དུ་མཛེས་པར་བཞད་པའི་རི་སྐྱེས་ལུག་མཉེ་མེ་ཏོག་དེ་ཅི་ལ་མིན།

རྡོ་རྗེ་སྒྲོལ་མ་དང་གྲོང་ཁྱེར་གྱི་བྱིས་པ་གཞན་དག་མི་འདྲ་ཞིང་ཁོ་མོའི་ཕ་ཡུལ་ནི་འདུ་འཛི་ཆེ་བའི་གྲོང་ཁྱེར་མིན་པས་ཆུང་དུས་ནས་བཟུང་མོའི་ཡིད་དུ་འོང་བའི་མིག་ལམ་དུ་སྣང་བ་ནི་མཐོངས་ཡངས་པའི་ནམ་མཁའ་དང་སྤྲིན་དཀར་གྱི་འགྱུ་བ། མཐིང་མདོག་གི་རྩྭ་ཐང་དང་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན། ལྷོད་ཀྱིས་འཁྱིལ་བའི་དུད་སྤྲིན་དང་ལྷིང་འཇགས་ཀྱི་སྦྲ་ནག་བཅས་རེད།