ཡུས་ཧྲུའུ་ཡིས་བརྗེད་མི་སྲིད་ཞེས་པ་སྟེ། བློ་མཐུན་ངག་དགའི་བྱས་རྗེས་སྙན་ཞུའི་ ཚོགས་འདུ་བསྡུས་པ།
2014.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་བློ་མཐུན་ངག་དགའི་བྱས་རྗེས་སྙན་ཞུ་འབུལ་བའི་ཚོགས་འདུ་ཐོག་མ་བསྡུས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་པ་བརྒྱ་ལྷག་གིས་བློ་མཐུན་བློ་མཐུན་ངག་དགས་ཡུས་ཧྲུའུ་མི་དམངས་ཀྱི་ཆེད་དུ་རང་གི་ཡོད་ཚད་ཕུལ་བའི་མི་སེམས་འགུལ་ཐེབས་པའི་སྙན་ཞུར་ཉན།

སྙན་ཞུའི་ཚོགས་འདུའི་སྟེང་། ཡར་ཞུ་ཚོགས་པའི་ཁོངས་མི་སོ་སོས་ཟུར་མི་འདྲ་བ་ནས་བློ་མཐུན་ངག་དགས་ཡུས་ཧྲུའུ་ཡི་རིག་གནས་ལས་དོན་དང་། སྒེར་སེམས་མེད་པར་ཡོད་ཚད་ཡུས་ཧྲུའུ་བསྐྱར་འཛུགས་ཐད་ལ་ཕུལ་བའི་སྔོན་ཐོན་བྱས་རྗེས་ཕྱིན་དྲན་བྱས།

བློ་མཐུན་ངག་དགས་དུས་ཡུན་རིང་བོར་ཡུས་ཧྲུའུ་ཡི་རིག་གནས་ལས་དོན་ཐད་ལ་ཞིབ་འཇུག་དང་། གསར་གཏོད། འཕེལ་རྒྱས། དྲིལ་སྒྲོག་བྱེད་པའི་བྱ་བ་སྒྲུབ་པ་དང་། ཡུས་ཧྲུའུ་ཡི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་ལེགས་སྒྲིག་བྱེད་ཆེད། “གཙང་གསུམ་འབྱུང་ཡུལ། གླུ་གར་གྱི་ཕ་ཡུལ། འབྲི་གཡག་གི་ཕ་ས། ཐང་བོད་གནའ་ལམ”ཞེས་པའི་རིག་གནས་ཚོང་རྟགས་བསྐྲུན་ཏེ། ཡུས་ཧྲུའུ་ཡི་རིག་གནས་ལས་དོན་གྱི་འཕེལ་རྒྱས་ཐད་ལ་སེམས་ཤུགས་ཆེན་པོ་ཕུལ།