གཞོན་པའི་ལང་ཚོ་མདོ་དབུས་མཐོ་སྒང་དུ་ཕུལ་བ།
2014.04.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

“ང་རང་ཆེས་དཀའ་ཁག་ཆེ་བའི་ས་ཁུལ་དུ་འགྲོ་དོན་ནི་གནས་དེའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི་ཆེད་དུ་ཡེ་ནས་མ་ཡིན་པར། སློབ་ཁྲིད་ཀྱི་ཐབས་ལམ་བརྒྱུད་དེ་གནས་དེའི་བྱིས་པ་རྣམས་ལ་སྤྲོ་སྐྱིད་སྦྱིན་པ་དང་མིའི་རིགས་ཀྱི་འཚོ་བ་ནི་དོན་གྱིས་ཅི་ལྟ་བུ་ཞིག་ཡིན་པར་ངེས་ཤེས་གསལ་བོར་འདྲོངས་བའི་ཆེད་དུ་ཡིན”འདི་ནི་མཱ་ཀོང་ཁྲའོ་ཡིས་བཤད་པའི་སེམས་གཏམ་རེད། 
                                                  མི་ལོ་གཅིག་གི་རིང་ལ་རྫུན་བཤད་པ།

མཱ་ཀོང་ཁྲའོ་ནི་ཧྲན་ཏུང་ཞིང་ཆེན་ཐེ་ཨན་གྲོང་ཁྱེར་གྱི་མི་ཡིན་ཞིང་། སྤྱི་ལོ་ཉིས་སྟོང་དྲུག་ལོར་ཧྲན་ཏུང་བེ་ཧྥང་སློབ་གསོ་སློབ་གླིང་ནས་སློབ་མཐར་ཕྱིན་པ་རེད།

ཁོ་རང་སློབ་ཆེན་འགྲིམ་པའི་དུས་སུ། ནུབ་རྒྱུད་ས་ཁུལ་དུ་དགེ་རྒན་གྱིས་མི་འདང་བའི་གནས་ཚུལ་དེ་རྟོགས་ཤིང་། རྒྱུ་མཚན་དེའི་དབང་གིས་ཁོ་རང་སློབ་མཐར་ཕྱིན་མ་ཐག