དཔོན་ཚང་རྩྭ་ཐང་གི་ཧྲུའུ་ཅི་བཟང་པོ།
2014.04.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

མཚོ་སྔོན་པོ་འགྲམ་གྱི་དཔོན་ཚང་རྩྭ་ཐང་ནི་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཡོད་པའི་ཕྱུགས་ལས་སྡེ་བ་ཞིག་ཡིན་པ་སྟེ། གནས་དེ་རུ་རྐང་ཚ་རྫོང་ཧར་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་ཞེས་པའི་སྡེ་བ་ཞིག་ཡོད་ལ། སྡེ་བ་དེ་ནི་སྤྱིར་བཏང་གི་སྡེ་བ་ཞིག་མིན་པ་དང་། སྡེ་བ་ཡོངས་སུ་ལུག་ཚོ་གསོ་བྱེད་པའི་ཁྱིམ་ཚང་ཉེར་གསུམ་ཡོད་པ་དང་། སྡེ་བའི་ཐུན་མོང་གི་དཔལ་འབྱོར་གྱི་ལོ་རེའི་ཡོང་སྒོ་སྒོར་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་གཉིས་སྟོང་གསུམ་ལྷག་ལ་བསླེབས། སྐར་རིམ་བཅུ་པའི་དཔལ་ཡོན་ཁྱིམ་ཚང་ཉིས་བརྒྱ་གོ་གཉིས་ཡོད། སྡེ་བའི་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་གླེང་དུས། ཚང་མས་འདི་དག་ཚང་མ་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པའམ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་མཁས་གྲུབ་དང་འབྲལ་ཐབས་མེད་ཟེར།

1944ལོའི་ཟླ9པར་མཁས་གྲུབ་དཔོན་ཚང་ཞོལ་མ་སྡེ་བ་ནས་སྐྱེས། ལུག་རྫི་གཞན་དག་དང་འདྲ་བར། ལོ་ན་ཆུང་བའི་མཁས་གྲུབ་ཀྱིས་ཆུང་དུས་ནས་འཚོ་བའི་ཁུར་བོ་ལྗིད་མོ་ཁུར་བ་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་དུ། ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་སྐུལ་སློང་འོག་ཁོས་ཐོག་མར་ནོར་ལུག་ཚོ་གསོ་བྱས་པ་རེད། ལོ་འགར་ཧུར་བརྩོན་བྱས་རྗེས་ནོར་ལུག་ཚོ་གསོའི་གཞི་ཁྱོན་ཉིན་རེ་བཞིན་ཇེ་ཆེར་གྱུར།

མཁས་གྲུབ་ཕྱུག་པོར