ཧ་ལུང་སྡེ་བའི་འཕོ་འགྱུར།
2014.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་བཅར་འདྲི་བྱེད་པའི་སྐབས་སུ། ང་ཚོས་རྫོང་དེའི་རྟ་བོར་ཞང་དུ་ཧ་ལུང་སྡེ་བ་ཟེར་བ་ཞིག་ཡོད་པ་ཤེས་ལ། བཤད་པ་ལྟར་ན་ཧ་ལུང་སྡེ་བའི་ཏང་ཀྲི་ཧྲུའུ་ཅིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་གོང་དུ་སྤེལ་བ་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རྩྭ་ཐང་གི་ཕུགས་སུ་ཡོད་པའི་རི་གྲོང་དེའི་འཚོ་བ་འབྱོར་ཕྱུག་ལྡན་པ་དང་། རྒྱལ་སྲིད་དར་བ། འབངས་རྣམས་བདེ་ཞིང་འཆམ་པར་གནས་ཏེ། རྒྱ་ཆེའི་སྡེ་དམངས་རྣམས་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་བར་རོལ་ཐུབ་པ་བྱུང་ཟེར།

འབྲུག་རྒྱལ་ནི་ཧ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། 2014ལོའི་ཟླ་གསུམ་པར་ཁོ་དོན་ཆེན་ཞིག་ལ་བྲེལ་བཞིན་ཡོད་དེ། སྡེ་བ་ཡོངས་ཀྱི་སྡེ་དམངས་ཀྱིས་བསྡོམས་པས་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་དགུ་ཁྲི་དགུ་བསྒྲིགས་ཏེ། གསར་དུ་ལས་པའི་ཨ་མྱེས་རྨ་ཆེན་རིག་གནས་ཐང་ཆེན་དུ་སྨི་གྲུ་བཞི་མ་སྟོང་བརྒྱད་ལྷག་གི་ཚོང་ར་ཉོ་གྲབས་ཡོད་པ་རེད།

ཧ་ལུང་སྡེ་བ་ནི་རྨ་ཆེན་གངས་རིའི་ནུབ་ལྷོའི་མཚམས་སུ་ཡོད་པ་དང་། སྡེ་བ་ཡོངས་ལ་འབྲོག་ཁྱིམ་སུམ་བརྒྱ་བརྒྱད་ཅུ་དང་མི་སྟོང་གཅིག་དང་སུམ་བརྒྱ་ལྷག་ཡོད་། མངའ་ཁོངས་ཀྱི་ས་བབས་མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་སྨི་སུམ་སྟོང་བརྒྱད་