མང་ཚོགས་ལ་ཤ་ཚ་བའི་སྡེ་བའི་ཧྲུའུ་ཅི་བཟང་བོ།
2014.04.28 ཁུངས། ཀློག་གྲངས། 27

ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྡོམ་མདའ་ཞང་པན་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཡོད་པའི་སྐར་མ་སྐྱབས་ནི་གཞུང་དྲང་བབ་ཆགས་ཀྱི་ཕོ་རྒོད་ཅིག་ཡིན་ཏེ། 1994ལོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ད་ལྟའི་བར་དུ། སྔོན་ཆད་ཧ་ཅང་དབུལ་བོ་ཡིན་པའི་སྡེ་བ་ཞིག་འབྱོར་ཕྱུག་དང་དཔལ་ཡོན་ལྡན་པའི་ལམ་དུ་སྣེ་ཁྲིད། ཁོ་རང་སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་སློབ་གསོའི་བྱ་འགུལ་གྱི་སྔོན་ཐོན་མི་སྒེར་དུ་བདམས་པ་དང་། 2009ལོར་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་། 2010ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དུ་བདམས།

ལོ་སུམ་ཅུའི་སྔོན་གྱི་པན་ཆེན་སྡེ་བ་ནི་ཧ་ཅང་དབུལ་བོ་ཞིག་ཡིན་ལ། གནས་དེའི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཆ་འཕྲིན་འབྱོར་དཀའ་བས། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། སྐར་མ་སྐྱབས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས། སྡེ་བ་དེ་དབུལ་ཕོངས་ལས་ཐར་རྒྱུའི་བློ་ཐག་བཅད། རྒྱུ་མཚན་ནི་ཁོ་རང་ཆུང་དུས་ནས་སྡེ་བ་དེ་རུ་གཉོམ་ལག་རྒྱས་པ་དང་། པན་ཆེན་སྡེ་བའི་གནས་ཚུལ་ལ་ཧ་ཅང་རྒྱུས་ཡོད་པ་ཞིག་རེད། ཁོས་པན་ཆེན་སྡེ་བའི་མང་ཚོ