གཙང་གསུམ་འབྱུང་ཡུལ་གྱི་ཁམས་པའི་ཕོ་རྒོད།
2014.05.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

དྲན་སྣང་ཁྲོད་ཀྱི་བློ་མཐུན་ངག་དགའ་ནི་གཟུགས་གཞི་དྲང་ཞིང་རིད་པ་ཞིག་ཡིན་ལ། ཁོ་ནི་ནམ་ཡང་འཚབ་འཚུབ་ངང་བསྐྱོད་པ་ཞིག་ཡིན་པས། དུས་ཚོད་དང་རྒྱུགས་རེས་བྱེད་པ་དང་ཀུན་ནས་མཚུངས། ཁོ་ནི་བཤད་ལ་མཁས་པ་ཞིག་ཡིན་པས། ཆེས་སྤྱིར་བཏང་གི་བྱ་བ་ཞིག་ཀྱང་ཁོའི་གཏམ་བརྗོད་ཁྲོད་སྙན་ངག་གི་བྲོ་བས་ཀུན་ནས་ཕྱུག མི་རྣམས་ཀྱིས་ད་དུང་ཡང་བརྗེད་མི་སྲིད། 2013ལོའི་ཐང་བོད་གནའ་ལམ་གྱི་སྙན་ངག་དུས་ཆེན་སྟེང་། ཁོས་བརྩེ་ཞེན་དྲག་པོས་རྒྱང་རིང་གི་མགྲོན་པོར་ཁམས་པའི་ཕོ་རྒོད་ཀྱི་ཉམས་འགྱུར་འདི་ལྟར་གླུ་རུ་བླངས་མྱོང་སྟེ། བདག་གི་སོ་ཕྲེང་རབ་ཏུ་དཀར། དེ་ནི་ནམ་ཡང་འཐོར་མི་སྲིད། བདག་གི་སྐྲ་ལོ་ནོར་གནག་གི་བྲང་གཞུང་དུ་སྐྱེས། དེ་ནི་ནམ་ཡང་དཀར་པོར་འགྱུར་མི་སྲིད། ཁོ་བོས་ནམ་ཡང་པུས་མོ་ས་ལ་བཙུགས་མ་མྱོང་། རྒྱབ་ཀྱི་པི་ར་ནི་བདག་གི་རྒྱབ་རྟེན་ཉག་གཅིག་ཡིན་ཟེར།

ལོ་ཕྱེད་ཀྱི་རྗེས་ཏེ2014ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཁོ་ནི་ལས་ཀར་ཚེགས་ཆེ་བས་མཆིན་པའི་འབྲས་སྐྲན་ཇེ་སྡུག་ཏུ་སོང་ཞིང་། མྱུར་སྐྱོབ་འབྲས་མེད་དུ་གྱུར་བས་དགུང་ལོ་རེ་གསུམ་སྟེང་མི་ཡུལ་དང་གཏན་དུ་གྱེས་སོང་།

ལུས་ཀྱི་བྱད་བཞིན་དང་ཉམས་འགྱུར་སོགས་ཕ་དང་ཀུན་ནས་མཚུངས་བའི་ཀུན་བཟང་བདེ་སྐྱིད་ནི་ངག་དགའ་འཇིག་རྟེན་མི་ཡུ