ཞིང་གྲོང་དུ་བསྐྱོད་པའི་ལམ་བར།
2014.05.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

«ལེ་ཧྥུན་ཉིན་ཐོ»ཡི་ནང་དུ་འདི་འདྲའི་སྐད་ཆ་ཚན་པ་ཞིག་ཡོད་དེ། “གལ་ཏེ་ཁྱོད་རང་ཆུ་ཐིགས་གཅིག་ཡིན་ཚེ། ཁྱོད་ཀྱིས་ས་ཞིང་ཚུན་གང་རློན་པར་བྱས་ཨེ་མྱོང་། གལ་སྲིད་ཁྱོད་རང་ཉི་ཟེར་ཉག་གཅིག་ཡིན་ན། ཁྱོད་རང་མུན་པ་སེལ་བའི་སྒྲོན་མེ་རུ་གྱུར་ཨེ་མྱོང་། གལ་སྲིད་ཁྱོད་རང་འབྲུ་རྡོག་གཅིག་ཡིན་ན། ཁྱོད་ཀྱིས་ཚེ་སྲོག་མང་པོ་གསོ་སྐྱོང་བྱས་ཨེ་མྱོང་། གལ་ཏེ་ཁྱོད་རང་ཆེས་ཆུང་བའི་གཅུས་གཟེར་ཞིག་ཡིན་ཚེ། ཁྱོད་ཀྱིས་ནམ་རྒྱུན་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱ་ཨེ་ཐུབ།”མདོ་ལའི་རྩྭ་ཐང་དུ་འཚོ་ཞིང་གཞེས་པའི་སྒྲོན་དཀར་སྐྱིད་ཀྱིས་རང་ཉིད་ཀྱི་ལག་ལེན་གྱིས་སྐད་ཆ་ཚན་པ་འདིའི་སྙིང་བོ་བདེན་དཔང་བྱས་ཡོད་ལ། གཞན་ཕན་དང་ལྷག་བསམ་གཙང་མས་རང་ཉིད་ཀྱི་འགྱོད་སེམས་མེད་པའི་ལང་ཚོའི་ལོ་ཟླ་གང་མང་རྒྱུན་སྐྱོང་བཞིན་ཡོད།

ལོ་ངོ་མང་པོའི་རིང་། སྒྲོན་དཀར་སྐྱིད་ཀྱིས་ལས་གནས་ཕལ་བ་ཞིག་གི་སྟེང་། ཐོག་མཐའ་བར་གསུམ་དུ་བྱ་བར་བརྩོན་སེམས་ལྡན་པ་དང་གཟན་ནན་འགན་ཁུར་ཡོད་པའི་རྣམ་འགྱུར་ཀྱིས་བྱ་བ་བསྒྲུབས་པ་དང་། སེམས་ཤུགས་ཡོད་ཚད་ཕུལ་ཏེ་བྱེད་སྒོར་བརྩོན་ཞིབ་བྱས་ནས། རྒྱལ་ཁབ་ཀྱི་ནོར་སྲིད་སྤྱི་ཁོག་སྲིད་ཇུས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱས་ཏེ། འབྲེལ་ཡོད་ཀྱི་ཁྲིམས་ལུགས་སྒྲིག་ཁྲ