མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།
2014.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་ཁང་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་ཞོར་དུ་སྤྱི་གཉེར་ཚན་ཁག་གི་ཚན་གཙོ་ཡི་འགན་འཁུར་མཁན་ཚེ་རིང་རྒྱལ་གྱིས་སེམས་གཏིང་གི་བརྩེ་བ་དང་གཅེས་སེམས་ཡོད་ཚད་རིགས་སོ་སོའི་མང་ཚོགས་ལ་ཕུལ་བ་དང་། ལས་ལ་བརྩོན་པའི་རྔུལ་ཆུའི་ཟེགས་མ་རེ་རེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་གོང་དུ་སྤེལ་བའི་ཞིང་ས་གཤིན་པོ་སྟེང་དུ་གཏོར་བ་དང་། རང་ཉིད་ཏང་ལ་བློ་དཀར་ཞིང་ལས་དོན་ལ་དགའ་ཞེན་ཆེ་བ་ལས་བསྐྱངས་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་མཚོ་ལྷོ་ཁུལ་བོད་སྨན་ཁང་དུ་ལྷུག་པར་བཞད།

ཚེ་རིང་རྒྱལ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ལས་ཁུངས་དེར་ཡོང་ནས་ད་ལྟའི་བར་ལོ་ངོ་བཅུ་གསུམ་འགོར་པ་དང་། ལོ་ངོ་དེ་དག་གི་རིང་ལ་ཁོའི་སྟེང་དུ་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཧ་ཅང་མང་།

བློ་མཐུན་ཚེ་རིང་རྒྱལ་གྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་བར་ཧ་ཅང་གཙིགས་འཛིན་བྱེད་དང་། རྒྱུན་པར་ཡང་སྨན་བཅོས་བྱ་བ་སྒྲུབ་མཁན་ཞིག་དང་སྨན་ཁང་གི་དོ་དམ་པ་ཞིག སྒོས་སུ་མི་རིགས་སྨན་ཁང་གི་བཟོ་ཚོགས་ཀྲུའུ་ཞི་ཞིག་ཡིན་པའི་ངོས་ནས། མི་རིགས་མཐུན་སྒྲིལ་གྱི་བྱ་བར་དེ་བས་ཀྱང་སྣེ་ཁྲིད་ལེགས་པོ་བྱེད་དགོས་ཞེས་བཤད་ཀྱིན་འདུག  ཉེ་བའི་ལོ་འགར། མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་མི་རིགས་མ