འབྲོག་པའི་དགེ་རྒན་བཟང་བོ།
2014.05.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་ཧག་ཧྲིན་ཀྲིན་ཡིན་ནི་ངོ་གདོང་ནག་ཅིང་། བབ་ཆགས་པའི་གྱོན་གོས་གོན་རྒྱུར་དགའ་བ། འགྲོགས་བདེ་འདྲིས་བདེ་བའི་མི་ཞིག་ཡིན། གསར་འགོད་པ་ཁོ་དང་འཕྲད་སྐབས། གསར་འགོད་པའི་སེམས་ལའང་དྲན་མ་མྱོང་བ་ནི་དགེ་རྒན་ཆེན་མོ་ཧག་ཧྲིན་ཀྲིན་ནི་ཞིང་ལས་སྡེ་ཁག་གིས་ཀྲུང་གོ་གསར་བ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་གི་ཕྱུགས་ལས་སྨན་པའི་ཚན་རིག་ལག་རྩལ་གྱི་བྱས་རྗེས་བྱ་དགའ་དང་། རྒྱལ་ཡོངས་ཞིང་ལས་ཚན་རྩལ་རྒྱ་སྐྱེད་དཔེ་སྟོན་པ་སོགས་ཀྱི་མཚན་སྙན་ཐོབ་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་རེད། ཁོ་རང་འབྲོག་པ་མང་ཚོགས་ཀྱི་སེམས་ནང་གི་ཞིང་ལས་ལག་རྩལ་པ་ཞིག་ཡིན་པར་མ་ཟད། འབྲོག་པའི་སེམས་ནང་གི་མི་བཟང་བོ་ཞིག་ཀྱང་རེད།

2009ལོར། མཚོ་སྔོན་སློབ་ཆེན་ཕྱུགས་ལས་སློབ་གླིང་གི་འབྲེལ་གཏུགས་ས་ཚིགས་ཏེ། མཚོ་བྱང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཁུལ་གྱི་ཕྱུགས་ལས་ཆེད་མཁས་པ་ཞིག་ཡིན་པའི་ཆ་ནས་དགེ་རྒན་ཆེན་མོ་ཧག་ཧྲིན་ཀྲིན་གྱིས་མཚོ་བྱང་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ཡོད། སྐབས་དེའི་གནས་ཚུལ་གླེང་སྐབས། ལོ་ལྔ་བཅུར་བསླེབས་པའི་ཕྱུགས་ལས་ཆེད་མཁས་པ་ཁོང་གི་མགྲིན་པ་ཡང་བརྣངས་བྱུང་།

ཁོས་བཤད་རྒྱུར། བརྒ