ཐེམ་ཆེན་རྩྭ་ཐང་གི་སྨན་པ་བཟང་བོ།
2014.05.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཐེམ་ཆེན་རྫོང་གི་ཤེས་ཡོན་གྲོང་རྡལ་གྱི་རྒྱ་མཚོའི་སྨན་ཁང་དུ། ཁོས་ཐག་རིང་ནས་ཡོང་བའི་འབྲོག་པའི་ནད་ལ་ལྟ་བཞིན་འདུག ཐེམ་ཆེན་རྫོང་དུ་འབྲོག་པ་ཚོས་རྒྱ་མཚོའི་སྨན་ཁང་དེ“གཅེས་སེམས་སྨན་ཁང”ལ་བརྩི་བཞིན་ཡོད་ཅིང་། ལོ་ངོ་ཉིན་ཤུ་ལྷག་གི་རིང་ལ། ཁོས་རྒྱུན་དུ་འབྲོག་པ་ཚོར་རིན་མ་བླངས་པར་སྨན་བཅོས་བྱས་པས། འབྲོག་པ་ཚོས་ཁོ་ལ་རྩྭ་ཐང་གི་སྨན་པ་བཟང་བོ་ཞེས་འབོད་ཀྱིན་ཡོད། ད་ལོ་ལོ་ན་ཞེ་གཉིས་ལ་སོན་པའི་རྒྱ་མཚོ་ནི་ཏང་ཡོན་ཞིག་རེད། ཁོས་ཆུང་དུས་ནས་བོད་སྨན་སྦྱངས་ཤིང་། ལོ་ན་བཅུ་གཅིག་ལ་སོན་དུས་གསོ་བ་རིག་པའི་གཞུང་ལུགས་ཀྱི«རྒྱུད་བཞི»བློ་ལ་ཐོགས་པ་མེད་པར་ངེས་སོང་། དེའི་རྗེས་སུ་ཁོས་ཉེ་འགྲམ་གྱི་འབྲོག་པའི་ནད་ལ་བལྟས་ཤིང་། བློ་སྦྱོང་དང་ཤེས་རབ་ལ་བརྟེན་ནས་ལོ་འགའ་མ་ཕྱིན་པར་ཁོས་རྒྱུན་མཐོང་ནད་དང་མང་འབྱུང་ནད་ལ་བོད་སྨན་གྱིས་སྨན་བཅོས་བྱེད་པའི་ལག་རྩལ་ཁོང་དུ་ཆུད་པར་མ་ཟད། རང་ཉིད་གཅིག་པུས་ནད་ལ་ལྟ་ཐུབ་པ་བྱུང་། མཉམ་མྱོང་གསོག་འཇོག་དང་ལག་རྩལ་ཇེ་མཐོར་སོང་བར་བསྟུན། ཁོ་ལ་ནད་སྟོན་དུ་ཡོང་བའི་འབྲོག་པ་ཇེ་མང་ནས་ཇེ་མང་དུ་སོང་།

གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར། རྒྱ་མཚོ་སློབ་གྲོགས་ཀྱི་གདན་ཞུ་ལྟར་དུ་ཧྭ་ལུང་ར