ཕ་ཡུལ་གྱི་འཆམ་མཐུན་འབྱོར་ཕྱུག་གི་ཆེད་དུ།
2014.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་གཙོ་ཡིན་པའི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན། གནས་དེའི་རིགས་སོ་སོ་ནམ་ཡང་ཕན་ཚུན་མཐུན་སྒྲིལ་དང་མཉམ་དུ་ཡར་ཐོན་འབྱུང་བཞིན་ཡོད། ཁོ་ནག་ཚང་ཞེས་འབོད་པའི་སྤྲུལ་སྐུ་ཞིག་ཡོད་པ་དེས་གནས་དེའི་བརྟན་འཇགས་ཀྱི་ཐད་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག

ཁོ་ནག་ཚང་གི་སྐྱ་མིང་ལ་བསོད་ནམས་དབང་ཕྱུག་དང་སྤྲུལ་མིང་ལ་འཇམ་དབྱངས་བསྟན་འཛིན་ཉི་མ་ཟེར། ཁོས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་དུས་རྟག་ཏུ་དོ་སྣང་བྱེད་པ་དང་། མི་རིགས་ཀྱི་གནད་དོན་ནི་རྫོང་ཡོངས་དང་ཐ་ན་ཁུལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་འཆམ་མཐུན་ལ་རག་ལས་པའི་བྱ་བ་འགངས་ཆེན་ཞིག་ཡིན་པ་གཞི་ནས་རྟོགས་ཏེ། ཁོས་ནམ་ཡང་བློ་རྩ་བརྟན་ཞིང་ནུས་པ་ལྡན་པའི་སྒོ་ནས་མི་རིགས་ཆོས་ལུགས་ཀྱི་བྱ་བ་སྣ་ཚོགས་དང་དགོན་པའི་བྱ་བ་ལེགས་པོར་བསྒྲུབས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་ཕྱོགས་སུ་ཆགས་ཡོད་པའི་ཆ་ནས་དེ་ལ་དབུས་ལམ་ཆེན་མོ་ཞེས་བརྗོད་སྲོལ་ཡང་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་བདུན་སྟོང་ལྷག་གི་ཡར་སྔོན་དུ་གནས་དེ་རུ་འགྲོ་བ་མིའི་རིགས་འཚོ་གནས་བྱེད་ཀྱིན་ཡོད་ལ། ཡུན་རིང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། མཚོ་ལྷོ