མཛེས་སྡུག་ལྷམ་མེར་བཞད་པའི་སྐལ་བཟང་མེ་ཏོག་རྐང་གཅིག
2014.06.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཁོ་མོ་ནི་གཙང་གསུམ་འབྱུང་ཡུལ་ནས་ཡོང་ཞིང་། འབྱོར་ཕྱུག་ལྡན་པའི་ཚྭ་འདམ་གཞུང་དུ་ལས་ཀ་གཉེར་བཞིན་པའི་ཆེས་སྤྱིར་བཏང་གི་བུ་མོ་ཞིག་ཡིན། མོ་ལོ་ཉེར་ལྔར་སོན་པའི་ཁོ་མོ་ཕ་མ་དང་རིང་དུ་གྱེས་ནའང་། ལས་ཀར་ཞུགས་པ་ནས་ཁོ་མོས་ལས་ཀ་གཉེར་ཡུལ་ཏུའུ་ལན་རྫོང་ཤང་ཅཱ་ཞང་ལི་ཤིན་སྡེ་བ་ནི་རང་གི་ཕ་ཡུལ་གཉིས་པར་ངེས་བཟུང་ཏེ། བློ་གཅིག་སེམས་གཅིག་གིས་བྱ་བར་འབད་པ་བྱེད་བཞིན་ཡོད། ཁོམ་ལོང་བྱུང་ཚེ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་དཀའ་ངལ་སེལ་རོགས་བྱས། ཁོ་མོ་ནི་ཏུའུ་ལན་རྫོང་ཤང་ཅཱ་ཞང་ལི་ཤིན་སྡེ་བའི་སྡེ་དམངས་རྣམས་ཀྱི་སེམས་ཁོངས་གི་ལས་བྱེད་པ་བཟང་བོ་སྐལ་སྐྱིད་རེད།

ཉི་འོད་དྲོ་ཞིང་འཇམ་པའི་ཉིན་མོ་ཞིག་ལ། གསར་འགོད་པས་ལོ་ན་ཉེར་ལྔ་ཙམ་ལ་མ་གཏོགས་སོན་མེད་པའི་ཁོ་མོ་མཐོང་བྱུང་། ཁོ་མོ་ནི་རྩ་འཛུགས་ཀྱིས་ཏུའུ་ལན་རྫོང་ཤང་ཅཱ་ཞང་ལི་ཤིན་སྡེ་བར་མངགས་པའི་འགན་ལེན་ལས་བྱེད་པ་ཞིག་རེད། གསར་འགོད་པས་ཁོ་མོ་མཐོང་དུས་ཁོ་མོས་ལི་ཤིན་སྡེ་བའི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་རེབ་ཐེངས་གཉིས་པའི་དམིགས་འབེན་དང་དོན་སྙིང་ལ་སློབ་སྦྱོང་བྱེད་བཞིན་པའི་སྒང་རེད། ཚོགས་ཁང་ནང་དུས་ངེས་དུ་ཐེལ་མོའི་རྡེབ་སྒྲ