“སྒྲོལ་མ། རྩྭ་ཐང་གི་སྐལ་བཟང་མེ་ཏོག ཁྱོད་ཀྱིས་གླུ་སྐད་གངས་ལྗོངས་ལ་ཕུལ་ཞིང་། ཁྱོད་ཀྱིས་མཛེས་སྡུག་རྩྭ་ཐང་ལ་ཕུལ།”
མདོ་དབུས་མཐོ་སྒང་གི་ལྟེ་བར་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་སངས་རྒྱས་སྒྲོལ་མའི་མིང་དེ་གླེང་བ་ཙམ་གྱིས་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མི་འདུག སྤྱིར་བཏང་གི་གློག་ཤུགས་རེའུ་མིག་འགོད་མཁན་གྱི་ལས་བཟོ་བ་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ཁོ་མོས་མི་ལོ་བཅུ་གཉིས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ། བོད་ཁུལ་གྱི་སྤུན་ཟླ་རྣམས་ལ་འོད་ཟེར་མཐོང་དུ་བཅུག
གཡག་ལ་བྱོན་ནས་འགྲོ་དུས་སྤྱང་ཁྱུ་དང་འཕྲད་པ།
མཚོ་སྔོན་ནི་གངས་རིའི་མུ་འཁྱུད་ཀྱིས་ཡོངས་སུ་བསྐོར་ཞིང་། མཚོ་ངོས་ལས་མཐོ་ཚད་ལ་མུས་བཞི་སྟོང་ལྷག་ཡོད་པའི་དགའ་བདེ་རྩྭ་ཐང་དུ་དཔྱིད་ཐོན་པ་དལ་ཞིང་དབྱར་འཕྱི་བས་ཁ་བ་འབབ་པའི་དུས་ཡུན་གཞན་པའི་ས་ཆ་ལས་ར