དཀའ་ཁག་ཅན་ལ་རོགས་རམ་དང་རྒན་པར་གསོ་སྐྱོང་བྱེད་པའི་བྱ་གསོ་མཁན་ལིས་ཀླུ་སྐྱིད་ཀྱི་གནས་ཚུལ་བཀོད་པ།
2014.06.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་གི་ཁོད་ཡངས་བའི་གནས་དེ་རུ་ཁྱིམ་བྱས་བག་ཕེབས་སྒོས་ཟས་རིགས་འཚོལ་བཞིན་པའི་རང་བྱུང་ལྷུན་ཆགས་ཀྱི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། པི་པིའི་སྒྲ་ཐོས་མ་ཐག རྩྭ་སྟེང་དུ་ཟས་རིགས་འཚོལ་བཞིན་པའི་བྱ་རྣམས་ཀྱིས་ཚོགས་བརྡ་བརྒྱབ་པ་ཇི་བཞིན། གསོ་སྤེལ་མཁན་གྱི་གམ་དུ་འདུས་ཡོང་། མཛེས་ལྗོངས་དེ་བསྐྲུན་མཁན་ནི་ཧེ་ཡན་རྫོང་མཚོ་སྔོན་པོ་ཞང་མདའ་བཞི་རི་ཞོལ་སྡེ་བའི་བོད་རིགས་བུད་མེད་ལིས་ཀླུ་སྐྱིད་རེད། ཁོ་མོས་བྱ་གསོ་སྤེལ་བྱས་ཏེ། འབྲོག་པ་མང་ཚོགས་རྣམས་ཕྱུག་བསྒྱུར་ཀྱི་བགྲོད་ལམ་ལ་བསྐྱོད་དུ་བཅུག་པར་མ་ཟད། རང་ཉིད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་བྲིས།

 ཁྱིམ་བདག་མ་ནས་བྱ་གསོ་སྤེལ་མཁན་དུ་གྱུར་པ།

ལིས་ཀླུ་སྐྱིད་ཀྱིས་བྱ་གསོ་སྤེལ་མ་བྱས་སྔོན་ལ་སྲང་ལམ་དུ་ཚོང་བཤམས་མྱོང་ལ། བྱིས་པའི་གྱོན་ཆས་ཚོང་ཁང་དང་འབྲོག་པའི་སྤྲོ་ཁྱིམ་ཁང་ཡང་ཚོང་གཉེར་བྱས་མྱོང་། དེ་དག་ལས་ཁོ་མོས་སྒོར་མོ་ཅུང་ཟད་བཙལ་ཐུབ་རུང་། ཁོ་མོས་སེམས་སུ་དེ་དག་ནི་ཁོ་མོའི་ཕུགས་འདུན་མིན་པར་བསམ། སྟབས་ལེགས་པ་ཞིག་ལ་ལིས་ཀླུ་སྐྱིད་ཀྱིས་ཀྲུང་དབྱང་འཕྲིན་ལམ