མི་རིགས་མཐུན་སྒྲིལ་གྱི་མིག་དཔེ།
2014.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

སྨན་པ་ཞིག་ལ་མཚོན་ན། བྱང་ཆུབ་ལྟ་བུའི་བྱམས་དང་སྙིང་རྗེ་ཡོད་དགོས་པ་ལས་གཞན། ནད་པའི་ན་ཟུག་གི་སྡུག་བསྔལ་དེ་རང་ཉིད་ཀྱི་སྡུག་བསྔལ་དུ་རྩིས་ཏེ། བརྩེ་བ་ཆེན་པོས་གསོ་བཅོས་བྱེད་དགོས་ཞེས་པ་དེ་ནི་བྱམས་སེམས་ལྡན་པའི་བགྲོས་པོ་དེས་སློབ་མ་རྣམས་ལ་སློབ་སྟོན་གནང་སྐབས་རྒྱུན་པར་བཤད་པའི་སྐད་ཆ་ཡིན་ལ། ཉིད་ཀྱི་ནད་པ་གསོ་བཅོས་བྱེད་པའི་དམིགས་ཡུལ་དང་ཁས་བླངས་པའི་དམ་བཅའ་ཡང་ཡིན། བགྲོས་པོ་དེ་ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིགས་ལས་རིགས་ཀྱི་སྨན་པ་གྲགས་ཅན་ཁ་ལོ་ལགས་རེད།

དགེ་རྒན་ཆེན་མོ་ཁ་ལོ་ནི་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཏེ། མུ་མཐའ་མེད་པའི་མགོ་ལོ་རྩྭ་ཐང་ནས་འཚར་ལོངས་བྱུང་། ཆུང་དུས་ནས་ཁོ་ལ་བོད་ཀྱི་གསོ་བ་རིག་པའི་བག་ཆགས་ཟབ་མོ་བཞག་པ་དང་། ནར་སོན་རྗེས་ཕུལ་དུ་བྱུང་བའི་སྨན་པ་ཞིག་བྱེད་རྒྱུ་སེམས་ཐག་བཅད། བོད་ཀྱི་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད། ཁོས་ལོ་བདུན་གྱི་སྟེང་ནས་བཟུང་སྟེ་བོད་ཡིག་དང་བོད་ཀྱི་གསོ་རིག་གཞུང་ལུགས། ཆོས་ལུགས་རིག་གནས་བཅས་ལ་སྦྱང་བ་བྱས། ལང་ཚོ་དར་ལ་བབས་རྗེས་བོད་ཀྱི་གསོ་རིག་བསྟན་བཅོས་མང་པོར་སྦྱང་བརྩོན་མི་དམན་པ་བྱས་པར་མ་ཟད། ནད་ཐོག་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱི་བཅོས་ཐབས་ཤིག་གྲུབ།

དགེ་རྒན་ཆ