དཔྱིད་དུས་ཀྱི་མཚན་མོ་ཞིག་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཞང་ཧ་ལུང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་ཚེ་ཁོས་བྱིས་པ་བཙའ་ལ་ཡོད་སྐབས། གངས་རི་ཞང་འཕྲོད་བསྟེན་ཁང་གི་མགོ་བ་ཆོས་ཁོ་འཕྲུལ་རྟ་ཞོན་ནས་མཚན་བརྒྱབ་སྟེ། ཧ་ལུང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་ཕྱོགས་སུ་བསྐྱོད། ལམ་ཐག་རིང་བ་དང་ཁོའི་ལུས་པོ་ཐང་ཆད་དྲག་པའི་དབང་གིས་ཁོའི་འཕྲུལ་རྟ་འགྱེལ་ཏེ་གཞུང་ལམ་གྱི་འགྲམ་དུ་ལྷུང་ནས་རྩིབས་རུས་བཞི་བཅག ཡིན་ནའང་ཁོས་ན་ཟུག་ལ་བཟོད་བསྲན་བྱས་ནས་ཚེ་ཁོས་བྱིས་པ་དེ་བདེ་བླག་ངང་བཙའ་བར་མཐུན་རྐྱེན་བསྐྲུན་ཏེ། ཁོ་མ་བུ་གཉིས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་སྲུང་བྱས།
ས་གང་དུ་ཉག་ཕྲ་བའི་ཚེ་སྲོག་གི་འབོད་སྐུལ་ཡོད་ཚེ་གནས་དེ་རུ་ཆོས་ཁོ་ཡི་གཟུགས་བརྙན་མཐོང་ཐུབ། ལོ་ངོ་སོ་གསུམ་གྱི་རིང་ལ་ཁོས་གངས་འདབས་ཀྱི་རྩྭ་ཐང་འདི་ནས་འབྲོག་པ་མི་དམངས་ཀྱི་ཆེད་དུ་རང་ནུས་རྩལ་དུ་དཀྲུགས་བཞིན་ཡོད།
གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར། སྨན་པ་ཆོས་ཁོ་ཡིས་གངས་རི་ཞང་རུ་ཁག་བརྒྱད་པ་ནས་ནད་པར་ནད་བརྟག་བྱས། ཁ་ཆར་དྲག་ཏུ་འཐབ་པའི་མཚན་མོ་ཞིག་ལ་སྐྱབས་ཚོགས་ཟེར་བའི་འབྲོག་མི་ཞིག་མཚན་བརྒྱབ་ཏེ་སྨན་པ་ཚེ་ཁོ་ཡོད་སར་ཡོང་ནས་ཁོའི་ཆུང་མ་བསྐྱབ་དགོས་པའི་ཞུ་བ་བྱས། མ་གཞིར་