ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་ཞོགས་པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཞང་སྡོམ་ཁོག་སྡེ་བའི་སྡེ་མི་གསར་སྐྲུན་གྱིས་ནམ་རྒྱུན་དང་འདྲ་བར། རང་གི་ཚ་བོ་སྡོམ་ཁོག་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭར་བསྐྱལ་རྗེས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་གོ་ཁུག་ནག་པོ་ཞིག་རྙེད་བྱུང་། གོ་ཁུག་རྙེད་རྗེས་སུ་ཁོས་ཕྱོགས་ཡར་མར་ལ་ཇི་ལྟར་བལྟས་ཀྱང་མི་ཞིག་གི་གཟུགས་བརྙན་ཙམ་ཡང་མཐོང་རྒྱུ་མེད་པས་ཁོས་གོ་ཁུག་དེ་རང་ཁྱིམ་དུ་འཁྱེར་མི་ཡོང་ཐབས་མེད་བྱུང་།
ཁྱིམ་དུ་ཐོན་རྗེས་གསར་སྐྲུན་གྱིས་གོ་ཁུག་དེའི་ཁ་ཕྱེས་ནས་བལྟ་དུས་གོ་ཁུག་ནང་དུ་སྒོར་རྐྱང་ཁྲི་གསུམ་དང་གསེར་གྱི་སྐེ་རྒྱན་གཅིག གཟི་མིག་དགུ་མ་གཅིག གཡང་ཊིའི་རྩེད་ཆས་གཅིག་བཅས་རིན་ཐང་གཞལ་དུ་མེད་པའི་དངོས་པོ་སྐོར་ཞིག་འདུག དངོས་པོ་དེ་དག་ལ་བལྟས་རྗེས་སུ་གསར་སྐྲུན་གྱི་བསམ་པར་གོ་ཁུག་གི་བདག་པོ་དེའི་སེམས་སུ་ད་ལྟ་བྲེལ་བ་ཆེན་པོ་ལངས་བཞིན་ཡོད་པར་བསམ་ནས་མྱུར་དུ་དངོས་པོ་དེ་དག་པར་བླངས་རྗེས་སུ་རང་གི་ཁ་པར་གྱི་སྐད་འཕྲིན་གྱི་བར་སྟོང་དུ་བཞག་ནས་རང་གི་མིང་དང་འབྲེལ་གཏུགས་བྱེད་ཡུལ་བཅས་གསལ་བོར་བཀོད། ཉིན་གུང་གི་དུས་ཚོད་གཅིག་ལ་ཐོན་ན་ཡང་ཁོ་ལ་ཁ་པར་གཏོང་མཁན་གྱི་མི་གཅིག་ཀྱང་མ་བྱུང་།
དེ་ནས་གས