རྡོ་རྗེ་སྒྲོལ་མ་དང་སྒྲོལ་མ་ཆུང་བའི་མནོ་བསམ།
2014.07.08 ཁུངས། ཀློག་གྲངས། 22

ཁོ་མོས་རྩྭ་ཐང་གི་དྭངས་གཙང་གི་སེམས་པ་ཁྱེར་ནས་མཚོ་སྔོན་པོའི་འགྲམ་རྒྱུད་བརྒྱུད་ནས་ཡོང་ལ། གདོང་ན་ནམ་ཡང་བབས་ཆགས་པའི་འཛུམ་མདངས་ཀྱིས་ཁེངས་འདུག ཁོ་མོའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར་ཞིང་། ད་ལོ་ལོ་བཅོ་ལྔ་རེད། ཁོ་མོ་ནི་རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་བའི་བོད་པའི་བུ་མོ་ཆུང་ཆུང་ཞིག་ཡིན།
ཁོ་མོའི་མིང་དེ་ཁོ་མོས་བརྩམས་པའི་སྒྲོལ་མ་ཆུང་བའི་མནོ་བསམ་ཞེས་པ་ལས་ང་ཚོའི་སེམས་སུ་འཇགས་ཐུབ་པ་བྱུང་བ་དང་། ཁོ་མོའི་བྲིས་པའི་དཔེ་ཆ་ཆུང་ཆུང་དེ་པར་སྐྲུན་བྱས་ནས་སྨྱན་བྱད་ལས་རིགས་ཀྱིས་དྲིལ་སྒྲོག་བྱས་རྗེས། འབྲེལ་ཡོད་སྨྱན་བྱད་ལས་རིགས་དང་། སློབ་མ། དགེ་རྒན་སོགས་ཀྱིས་མཐོང་ཆེན་བྱེད་མགོ་བརྩམས།

རྒན་ལགས། ཅི་ཞིག་ལ་མཛེས་པ་དབྱེ་འབྱེད་བྱེད་སྤྱད་ཀྱི་མིག་ཟུང་དབེན་པ་ཡིན་ཟེར་བ་ཡིན་ནམ། ཟི་ལིང་གྲོང་ཁྱེར་ཧུའུ་ཐེ་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་ཀོན་ཧྥང་གིས་སྔོན་ཆད་རྡོ་རྗེ་སྒྲོལ་མས་དྲིས་པའི་འདྲི་ཚིག་དེར་ཕྱིར་དྲན་བྱེད་བཞིན་ཁོ་མོའི་སྙིང་ཉེ་བའི་ཚུགས་ཀ་དང་འཛུམ་མདངས་དེ་ཡང་བསྐྱར་མིག་ལམ་དུ་རྒྱུ་ཡོང་།

སྔོན་ཆད་རྩོམ་ཡིག་གི་སློབ་ཁྲིད་ཞིག་གི་སྐབས་སུ། དགེ་རྒན་ཀོན་ཧྥང་གིས་སློབ་མ་ཚོར་བཤད་རྒྱུར། འཚོ་བའི་ཁྲོད་དུ་མཛེས་པ་མེད་པ་ཞིག་མ་ཡིན་པར་ང་ཚོར་