བརྩེ་བའི་འདུན་མ་སྡེ་དམངས་ལ་བཅངས་པའི་ཀྲི་པུའུ་ཧྲུའུ་ཅི་བཟང་བོ།
2014.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱར་ཁའི་ཞིན་ཧེ་རྫོང་གི་འབྲོང་ཐུལ་སྡེ་བ་ནི་སྔོ་ཞིང་ལྗང་ལ་ཡིད་དུ་འོང་བའི་ཞིང་ཁམས་ཤིག་རེད། རང་ལོ་སོ་གཅིག་ལ་བུད་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་སྐྱབས་འབུམ་དྲོད་འཇམ་ཉི་མར་ལྡེས་ཏེ་སྡེ་དམངས་གཞུང་སྒྲུབ་ཞབས་ཞུའི་ལྟེ་གནས་སུ་འདུག ཁོས་ཡངས་ཤིང་རྒྱ་ཆེ་བའི་ཚོགས་འདུ་ཁང་དང་། གཞུང་སྒྲུབ་ཁང་། དཔེ་མཛོད་ཁང་དང་མཛོད་ཁང་སོགས་ལ་ལྟ་ཞོར་དུ་གདོང་ལ་འཛུམ་ཞིག་གིས་ཁེངས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་རྩྭ་ཆུ་སྙེག་ནས་འགྲོ་བ་ནས་གཏན་སྡོད་ཀྱི་གཞིས་སར་གྱུར་བའི་གཞུང་སྒྲུབ་ཁང་གི་རྩིག་བཟོ་ལེགས་གྲུབ་བྱུང་བ་དེས་སྡེ་དམངས་ཡོངས་ཀྱིས་རྩ་འཛུགས་འཚོལ་བར་སྟབས་བདེ་བཟོས་པ་དང་། སྡེ་བའི་ལས་བྱེད་པ་ཚོས་གདན་འཛོམས་སྒོས་སྡེ་དོན་སྒྲུབ་པར་ལས་ཤག་ཡོད་པར་གྱུར།

གྱི་ལིང་སྡེ་བ་ནི་ཨ་མྱེས་རྨ་ཆེན་གངས་རིའི་བྱང་བརྒྱུད་ཀྱི་གྲོག་རོང་དུ་ཆགས་ཡོད་ལ། རང་བྱུང་ཆ་རྐྱེན་ཞན་ཞིང་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། དུད་ཁྱིམ་ཁ་འཐོར་དུ་གནས་ཡོད་པས། སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་རེ་བསྡུ་དགོས་ན་སྡེ་དམངས་རྣམས་སྡེ་བའི་དཀྱིལ་ནས་སྤྱི་ལེ་དགུ་ཙམ་ཡོད་པའི་བྱ་འགུལ་ཁང་དུ་འགྲོ་དགོས་པས་མང་ཚོགས་ཀྱི་འགྲོ་འདུག་སྟབས་མི་བདེ་ཕྱིར་བསམ་འཆར་ཡང་མང་པོ་ཡོད།

ཞི