བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་དུངས་བ་ཟབ་པའི་རྒན་པོ་རྡོ་རྗེ་ཚེ་བརྟན་གྱི་མི་ཚེའི་གཏམ་རྒྱུད།
2014.07.22 ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས། 37

ད་ལོ་དགུང་ལོ་དོན་བརྒྱད་ལ་སོན་པའི་རྒན་པོ་ཚེ་བརྟན་རྡོ་རྗེ་ནི་རྒྱལ་ཁབ་རིག་གནས་པུའུ་ཡིས་ཐེངས་དང་པོར་བོད་ཀྱི་ཟློས་གར་རྒྱུན་འཛིན་པའི་ནང་དུ་བདམས་པ་དང་། ལས་འཁྱུར་ངལ་གསོའི་སྔོན་ལ། ཁོང་ནི་བོད་རང་སྐྱོང་ལྗོངས་ཟློས་གར་གླིང་གི་ལས་བྱེད་མི་སྣ་ཞིག་དང་། ངལ་གསོ་བྱས་རྗེས་ལྷ་ས་གྲོང་ཁྱེར་ཉང་རལ་ཞང་གི་དམངས་ཁྲོད་ཟློས་གར་ཚོགས་པའི་ཚོགས་གཙོ་དང་། བློ་མཐུན་མིག་དམར་ལགས་ཀྱིས་གདན་ཞུ་བྱས་པའི་སྣེ་ཁྲིད་དགེ་རྒན་ཞིག་རེད། ཐོག་མར་ཁོ་རང་བོད་ཀྱི་ཟློས་གར་ལ་དུངས་བ་ཟབ་མོ་ཡོད་པའི་རྒྱུ་མཚན་གྱིས་ལས་ཀ་འདི་དང་ལེན་བྱས། དེ་ལྟར་ལོ་ངོ་བཞིར་ལས་ཀ་འདི་སྒྲུབ་ནའང་། ཁོས་ལས་ཀའི་གླ་ཆ་ཅི་ཡང་བླངས་མ་མྱོང་། ཏང་ཁག་རིམ་པ་དང་སྲིད་གཞུང་གིས་བོད་ཀྱི་ཟློས་གར་ལ་མཐོང་ཆེན་བྱས་པ་དང་བསྟུན་ནས། ཁོང་གིས་ཀྱང་ལོ་གང་མང་ལ་འབད་བརྩོན་བྱེད་འདོད་པའི་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་པར་བརྩོན་གང་ཐུབ་བྱས། ཁོང་གིས་བཤད་རྒྱུར། ལོ་ངོ་བཞིའི་ནང་དུ་ཁོས་སློབ་ཕྲུག་སུམ་བརྒྱ་ཙམ་བསྡུས་ཤིང་། འདི་དག་ཚང་མ་བོད་ཀྱི་ཟློས་གར་ལ་དགའ་བའི་ན་གཞོན་ཏག་ཏག་རེད་ཟེར།

མཚན་མོར་གཉིད་ཁུགས་སྐབས་རྟག་པར་རང་ཉིད་ཀྱི་བཟའ་ཟླ་གཉིད་ལས་སློང་བཞིན་ཡོད། རྒྱུ་མཚན་ནི་རྨི་ལམ་དུའང་དུས་རྒྱུན་སློབ་མ་ད