ང་ཚོའི་སེམས་ནང་གི་སྨན་པ་བཟང་བོ་རྒྱ་མཚོ།
2014.07.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

དབྱར་ཟླ་དྲུག་པའི་ཐེམ་ཆེན་རྩྭ་ཐང་ནི་སྔོ་ལྗང་གི་གོས་ལྭ་མནབས་པ་ཇི་བཞིན་མཛེས་སྡུག་ལྡན་ཞིང་། ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་ཡངས་པའི་རྩྭ་ཐང་གི་གཞི་ན་བག་ཡངས་སུ་རྒྱུ་བཞིན་ཡོད།

སྨན་པ། ཁྱེད་ཀྱི་སྨན་བཟང་བས། ང་ཡང་བསྐྱར་གུང་ཧོ་རྫོང་དུ་སྨན་ལེན་དུ་ཡོང་བ་ཡིན་ཞེས་གུ་རུ་ཚེ་རིང་ཟེར་བའི་ནད་པ་ཞིག་གིས་སྨན་པ་རྒྱ་མཚོ་ལ་དེ་ལྟར་བཤད་བཞིན་འདུག ཟླ་གཅིག་གི་སྔོན་ལ། སྨན་པ་རྒྱ་མཚོས་གུང་ཧོ་རྫོང་སྤྲེལ་ནག་ཞང་ནས་སྨན་བཅོས་བྱས་པ་དང་། སྐབས་དེར། གུ་རུ་ཚེ་རིང་གི་མིག་གིས་རྒྱང་རིང་མི་མཐོང་བའི་ཚད་ཅུང་ཚབས་ཆེན་རེད། སྨན་པ་རྒྱ་མཚོས་སྨན་རིན་མ་བླངས་བར་སྨན་བཅོས་བྱས་པས་གུ་རུ་ཚེ་རིང་གི་མིག་ཟུང་གིས་ཅི་ཡང་མཐོང་ཐུབ་པར་གྱུར།

1996ལོར། རྒྱ་མཚོ་སློབ་གྲོགས་ཤིག་གིས་གདན་དྲངས་པ་ལྟར། ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་ནས་ཐེམ་ཆེན་རྫོང་དུ་ཡོང་ནས་འབྲོག་པའི་ནད་ལ་བལྟོས། ཐེམ་ཆེན་རྫོང་དུ་ལོ་ངོ་བཅོ་བརྒྱད་ཀྱི་དུས་ཡུན་དེ་ཤེས་མེད་ཚོར་མེད་ངང་འདས། ལོ་ངོ་བཅོ་བརྒྱད་རིང་ལ། ཁོས་རིན་གཅིག་ཀྱང་མ་བླངས་པར་འབྲོག་པའི་ནད་ལ་ལྟོས་ནས་སྨན་བཅོས་བྱས་པའི་དོན་བཟང་དེ་རྩྭ་ཐང་གི་མང་ཚོགས་རྣམས་ཀྱིས་ཁ་ན་ལྷང་ལྷང་དུ་སྒྲོག་བཞིན་འདུག

ད་ལོའི་ཟླ་བཞི་བའི་ཟླ་སྨད་ལ། སྨན་པ་རྒྱ་མཚོས