དམངས་ལ་ཞབས་ཞུའི་བརྩེ་སེམས་དྲོན་མོ་སྐྱེལ། མཐུན་སྒྲིལ་དཔུང་རྡང་དམ་པོས་འབྱོར་ཕྱུག་བསྐྲུན།
2014.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་གཞི་རིམ་ནས་ཡོང་བའི་ལས་བྱེད་མི་སྣ་ཞིག་ཡོད་དེ། ཁོའི་མིང་ལ་རིན་ཆེན་རྡོ་རྗེ་ཟེར། བྱ་བ་བསྒྲུབས་ནས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ། གཞི་རིམ་ནས་མགོ་ཁྲིད་ཀྱི་འགན་ཁུར་བ་དང་། ཡང་ན་ལས་ཁུངས་ནས་བྱ་བ་སྒྲུབ་པ་གང་ཡིན་རུང་ཁོང་གིས་ཏང་ཡོན་མགོ་ཁྲིད་ལས་བྱེད་ཀྱི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་མོ་འདོན་བཞིན་ཡོད་ལ། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་དང་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་གདེང་འཇོག་དང་ཁས་ལེན་ཐོབ་ཡོད།

རིན་ཆེན་རྡོ་རྗེ་ནི་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་ཞིག་ནས་སྐྱེས་པ་དང་། 2000ལོར་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། ཁོས་ཞང་སྲིད་གཞུང་ནས་དྲུང་ཡིག་གི་ལས་ཀ་གཉེར་མྱོང་ལ། སྔ་རྗེས་སུ་ཞང་ཀྲང་གཞོན་པ་དང་སྲིད་གྲོས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཞང་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་ལས་གནས་ཀྱི་འགན་ཁུར་མྱོང་བ་དང་། ཕྱོགས་ཡོངས་ཀྱི་སྤུས་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་ལ་སྲུང་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁོས་གཞི་རིམ་ནས་མང་ཚོགས་ལ་བྱ་བ་སྒྲུབ་པ་དང་། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཇེ་དམ་དུ་བཏང་བ། ཞང་ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་མི་སྣ། ཞང་ཡོངས་ཀྱི་མང་ཚོགས་བཅས་ཀྱི་སྣེ་ཁྲིད་དེ་ཧུར་ཐག་འབད