མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་པད་མ་ལ་སྐབས་དགུ་བའི་ཀྲུང་གོའི་སྨན་པའི་བྱ་དགའ་ཐོབ།
2014.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ་ཀྲུང་གོའི་སྨན་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་དགུ་བའི་ཀྲུང་གོའི་སྨན་པའི་བྱ་དགའ་གནང་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས་པ་དང་། བྱ་དགའ་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་སོར་ཉར་བྱེད་པའི་ཀྲུང་གོའི་སྨན་བཅོས་ལས་རིགས་ཀྱི་བྱ་དགའ་ཆེ་ཤོས་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་གཉིས་ཀྱི་སྨན་པ་བརྒྱད་ཅུ་ལ་ཐེངས་འདིའི་བྱ་དགའ་ཐོབ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཀླད་སྙིང་ཁྲག་རྩའི་ཆེད་མཁས་སྨན་པ་པད་མ་ལ་སྐབས་དགུ་བའི་ཀྲུང་གོའི་སྨན་པའི་བྱ་དགའ་ཐོབ་པས། ཁོ་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་སྨན་པའི་ཁྲོད་དུ་དགའ་རྟགས་དེ་ལེན་མཁན་གྱི་སྨན་པ་ཐོག་མ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་ནས་ཀྱང་ཆེས་ཐོག་མར་དགའ་རྟགས་དེ་ཐོབ་མཁན་གྱི་སྨན་པ་གཅིག་པུ་རེད།

ལོ་ངོ་མང་བོའི་རིང་ལ། སྨན་པ་པད་མས་རང་གི་ཕུན་སུམ་ཚོགས་པའི་བོད་སྨན་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལ་བརྟེན་ནས། གཟབ་གྲིབ་དང་ཁྲག་ཤེད་མཐོ་བ། སྙིང་འགྲོས་རྒྱུན་ཤོར་སོགས་ཀླད་སྙིང་ཁྲག་རྩའི་ནད་རིགས་གསོ་བཅོས་བྱེད་པའི་ཕྱོགས་སུ་ཐུན་མོང་མ་ཡིན་པའི་བརྟག་བཅོས་བྱེད་ཐབས་ཡོད་པ་མ་ཟད། བོད་སྨན་སྦྱོར་སྡེབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། ལས་གྲོགས